ཕྱི་ལོ་ ༢༠༡༤ ལོའི་ལྷའི་འཐུང་ཆུ་གཙང་བཟོའི་ལས་དོན་སྙན་ཐོ།

Water Survey Report 2014 2ཕྱི་ལོ་ ༢༠༡༠ ནས་བཟུང་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་གཙོ་བོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་། དེ་བཞིན་ས་གནས་རྒྱ་གར་མི་མང་བཅས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་དམིགས་བསལ་འཐུང་ཆུའི་གནས་སྟངས་ཡར་རྒྱས་གཏོང་ཆེད། འཐུང་ཆུ་གཙང་བཟོའི་ལས་འཆར་ཞིག་ལག་བསྟར་བྱས་པ་དང་། ཕྱི་ལོ་ ༢༠༡༤ བར་ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༡༦ གསར་འཛུགས་བྱས་ཡོད་པ་རེད།

Water Survey Report 2014 1

ཆུ་ཚགས་འཕྲུལ་ཆས་དེ་དག་གསར་འཛུགས་བྱེད་ཡུལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༡ དང་། རྒྱ་གར་གྱི་སློབ་གྲྭ་ ༢ བོད་མི་གཞིས་ཆགས་ ༡ རྒན་གསོ་ཁང་ ༡ ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་བཅས་ཡིན་ཞིང་། ཆུ་ཚགས་འཕྲུལ་ཆས་དེ་དག་གིས་ཁྱོན་མི་གྲངས་ ༧༠༨༠ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པ་རེད།

རྒྱུན་དུ་ནས་ལྷས་གསར་འཛུགས་བྱས་སའི་ས་གནས་ཁག་ཏུ་བསྐོར་བསྐྱོད་ཀྱིས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་ཡང་ཡང་གཙང་བཟོ་དང་ཞིབ་གསོ་བྱེད་བཞིན་ཡོད་པ་ལྟར། ཉེ་བའི་ཆར་ལྷའི་འབྲེལ་ཡོད་ལས་བྱེད་ས་གནས་ས་ཐོག་ཏུ་བསྐོར་བསྐྱོད་ཀྱིས་ཆུ་ཚགས་འཕྲུལ་ཆས་དེ་དག་གཙང་བཟོ་ལེགས་གྲུབ་བྱུང་ཡོད།

དེ་དང་ཆབས་ཅིག་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་རྗེས། དེ་གའི་མི་མང་གི་འཕྲོད་བསྟེན་དང་འཚོ་བར་ཕན་ཐོགས་ཇི་ལྟར་ཡོང་གི་ཡོད་མེད་ཞིབ་འཇུག་རྒྱུས་ལོན་བྱས་པར། ས་གནས་དེ་དག་ལ་ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱས་རྗེས་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་རྒྱུ་བྱུང་བར་སྨྲོས་མེད་ཁར། ཁོང་ཚོའི་འཕྲོད་བསྟེན་བདེ་ཐང་ལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་འདུག་སྟབས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཐོག་མའི་དམིགས་ཡུལ་ཇི་བཞིན་ལས་དོན་འདི་ལམ་ལྷོང་དང་གྲུབ་འབྲས་ལྡན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

Water Survey Report 2014 3ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འཐུང་ཆུ་གཙང་བཟོའི་ལས་འཆར་འདི་ལས་དོན་གལ་ཆེན་དང་གནད་འགག་ཆེ་བ་ཞིག་ལ་ངོས་འཛིན་གྱིས། ཕྱི་ལོ་ ༢༠༡༤ ལོར་ལྷའི་ལས་བྱེད་དྲི་མེད་ཚེ་རིང་ལགས་ཆེད་དུ་ཁོར་ཡུག་དང་འཕྲོད་བསྟེན་གྱི་ལས་གནས་སུ་བསྐོ་བཞག་གྱིས་ཁོང་གིས་འཐུང་ཆུ་གཙང་མའི་ལས་འཆར་འདི་འགན་འཁུར་གནང་གིན་ཡོད་ལ། ཆབས་ཅིག་ཏུ་སློབ་གྲྭ་དང་གཞིས་ཆགས་ཁག་ཏུ་ཁོར་ཡུག་དང་འཕྲོད་བསྟེན་སྐོར་གོ་རྟོགས་དང་གཏམ་བཤད་རབ་དང་རིམ་པར་སྤེལ་ཡོད།

ཕྱི་ལོ་ ༢༠༡༤ ལོའི་ཆུ་ཚགས་འཕྲུལ་ཆས་དང་འབྲེལ་བའི་ལས་དོན།

  •  ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་རྗེས་ཆུ་ཚགས་འཕྲུལ་ཆས་དེར་ཉིན་ལྟར་ལྟ་རྟོགས་བྱེད་མཁན་གྱི་མི་སྣ་ཞིག་བསྐོ་བཞག་བྱེད་ཀྱི་ཡོད།
  •  ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་རྗེས་དེ་བེད་སྤྱོད་དང་སྟངས་འཛིན་བྱེད་སྟངས་ཡིག་ངག་གཉིས་ཐོག་ནས་ངོ་སྤྲོད་བྱེད་ཀྱི་ཡོད།
  •  འཕྲུལ་ཆས་ཀྱི་ཆ་ཤས་གང་ཡང་རུང་བ་ཞིག་བརྗེ་པོ་རྒྱག་རྗེས་དེའི་དུས་ཚོད་དང་གནས་ཚུལ་ཆ་ཚང་ཡིག་ཐོག་ཏུ་ཉར་ཚགས་བྱེད་ཀྱི་ཡོད།
  •  ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་ཀྱི་དགོས་མཁོ་གལ་གནད་དང་དེའི་ཕན་ཐོགས་ཤུགས་རྐྱེན་བཅས་སློབ་གྲྭའི་འགན་འཛིན་དང་འབྲེལ་ཡོད་ཀྱི་འགན་འཁུར་མི་སྣར་བཅར་འདྲི་བྱེད་ཀྱི་ཡོད།
  •  ཆུ་ཚགས་འཕྲུལ་ཆས་ཚང་མའི་འཕྲུལ་ཆས་ཀྱི་མ་ལག་ཆུ་སྣོད་དང་བཅས་པ་གཙང་བཟོ་བྱེད་ཀྱི་ཡོད།
  •  འབྲེལ་ལམ་དམ་ཟབ་ཆེད་ཐད་ཀར་ཆུ་ཚགས་འཕྲུལ་ཆས་བཟོ་ལས་ཁང་ལ་རྒྱུན་དུ་འབྲེལ་བ་བྱེད་ཀྱི་ཡོད།
  •  གཞན་ཡང་ཁོར་ཡུག་དང་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར་ཁག་གོ་སྒྲིག་བྱེད་ཀྱི་ཡོད།
  •  ལྷའི་ཞི་བའི་ཚལ་དུ་ཆུ་བརྟག་དཔྱད་ཀྱི་འཕྲུལ་ཆས་ཆུང་ཆུང་ཞིག་འཛུགས་བྱས་ཡོད།
  •  རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེ་དང་། ཨུ་ཊར་མངའ་སྡེ། ལྡི་ལི་བཅས་སུ་ཁྱོན་ཆུ་བརྟག་དཔྱད་བྱེད་སའི་ཚན་པ་གྲངས་ ༣༣ ཙམ་འདུག་པ་དང་། བརྟག་དཔྱད་བྱེད་ས་དེ་དག་ལས་བཙགས་ཆུ་དང་ས་གནས་སོ་སོའི་ཀ་ལའི་ཆུ་དབར་བཤིག་བསྡུར་དང་ཆུའི་རྒྱུ་སྤུས་སོགས་བརྟག་དཔྱད་རིམ་པར་བྱས་ཡོད།

Water Survey Report 2014 4ཕྱི་ལོ་ ༢༠༡༤ ལོའི་ལྷའི་འཐུང་ཆུ་གཙང་བཟོའི་ལས་དོན་སྙན་ཐོ་འདི་བསྡུ་རུབ་དང་ཕྱོགས་བསྒྲིགས་བྱེད་མཁན་ཚན་རིག་སློབ་སྟོན་པ་དང་ཉམས་ཞིབ་པ་ཇོ་ཧཱ་ནཱ་གྷ་ཊི་ནར་(Johanna Gartner)ཡིན། ཁོ་མོས་དུས་ཡུན་རིང་པོ་ལྷའི་ནང་དང་བླངས་ལས་ཀ་བྱས་ཡོད་པ་དང་། ཁོ་མོར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།