བོད་གཞུང་བདེ་ལེགས་སྨན་ཁང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས།

Water Project at Delek Hospital 1ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འཐུང་ཆུ་གཙང་མའི་ལས་འཆར་ཐེངས་ ༡༩ པ་ལག་བསྟར་གྱིས་བོད་གཞུང་བདེ་ལེགས་སྨན་ཁང་དུ་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་རེད།

བོད་གཞུང་བདེ་ལེགས་སྨན་ཁང་ནི་དྷ་ས་མེ་གྷན་ནས་སྤྱི་ལེ་ ༢ ཙམ་གྱི་སར་གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུང་འགྲམ་དུ་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་འོག་ཕྱི་ལོ་ ༡༩༧༡ ཟླ་ ༡༠ ཚེས་ ༤ ཉིན་སྒོ་འབྱེད་བྱས།

Water Project at Delek Hospital 2ཕྱི་ལོ་ ༡༩༧༩ ཟླ་ ༡ ཚེས་ ༡ ཉིན་སྨན་ཁང་དེ་ཉིད་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་ཀྱིས་<<བདེ་ལེགས་སྨན་ཁང་>>ཞེས་མིང་བརྗེ་པོ་བརྒྱབ། སྨན་ཁང་དེའི་ནང་སྨན་པ་དང་སྨན་གཡོག སྨན་ཁང་དུ་ནད་གསོ་དང་སྨར་པར་བརྟེན་གཏུགས་བྱེད་མཁན་བོད་མི་དང་ས་གནས་རྒྱ་གར་མི་མང་། གཞན་ཡང་མི་རིགས་གཞན་ཡུལ་སྐོར་བ་སོགས་ཉིན་ལྟར་ཁྱོན་མི་གྲངས་བརྒྱ་ཕྲག་ཁ་ཤས་གནས་སྡོད་དང་འགྲོ་འོངས་བྱེད་བཞིན་ཡོད་པ་རེད།

ཐེངས་འདིར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་ནི་ས་ཁུལ་འདིའི་ནང་ཡོད་པའི་འཕྲུལ་ཆས་ཡག་ཤོས་ཤིག་ཡིན་པ་དང་། དེས་ཆུ་ཚོད་རེད་བཙགས་ཆུ་ཁོལ་མ་དང་གྲང་མོ་ཁྱོན་ལི་ཊར་ ༢༢ ཙམ་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།  

Water Project at Delek Hospital 4འཕྲུལ་ཆས་དེས་བདེ་ལེགས་སྨན་ཁང་གི་ལས་བྱེད་དང་། ནད་པ་རྣམས་ལ་ཕན་ཐོགས་ངེས་ཅན་ཞིག་ཐོན་པའི་རེ་བ་ཡོད་ལ། དམིགས་བསལ་ཆར་དུས་སྐབས་ཁོང་ཚོའི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པའི་རེ་བ་རྒྱག་བཞིན་ཡོད།

Water Project at Delek Hospital 3ང་ཚོས་ད་དུང་བོད་མིའི་གཞིས་ཆགས་དང་། གྲྭ་ཚང་། བཙུན་དགོན། སློབ་གྲྭ་བཅས་ལ་ཆུ་ཚགས་འཕྲུལ་ཆས་ཁག་ཅིག་འཛུགས་རྒྱུའི་འཆར་གཞི་ཡོད་ལ། ད་ལྟ་བར་ལྷས་གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེ་དག་གིས་ཁྱོན་མི་གྲངས་ ༧༥༣༥ ཙམ་གྱི་འཐུང་ཆུའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།