ཨ་རིའི་སན་ཊན་ནཱ་རེ་མཐོ་སློབ་དང་རིག་གཞུང་བརྗེ་རེས་བྱས་པ།

Centenary college 2ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གང་ས་ནས་གཙུག་ལག་སློབ་གཉེར་ཁང་ཁག་གི་སློབ་མ་དང་རིག་གཞུང་བརྗེ་རེས་བྱེད་པའི་ལས་རིམ་ནང་། འདི་ལོར་ཐོག་མར་ཨ་རིའི་སན་ཊན་ནཱ་རེ་མཐོ་སློབ་(Centenary College)ཀྱི་སློབ་མ་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས་ཡོད་པ་རེད།

Centenary college 1གོང་གསལ་མཐོ་སློབ་དེའི་མཁས་དབང་ཌེ་ཝེ་ཌི་ཨོ་ཊོ་(David Otto)ལགས་ཀྱིས་གཙོས་སློབ་ཕྲུག་ ༩ ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༩ ཉིན་ལྷ་དང་ལྷན་དུ་རིག་གཞུང་བརྗེ་རེས་ཆེད་དྷ་རམ་ས་ལར་འབྱོར་བ་དང་། ཁོང་ཚོས་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། བོད་པའི་རིག་གཞུང་། བོད་པའི་ནང་ཆོས་བཅས་ལ་རྒྱུས་ལོན་གང་ལེགས་བྱས།
ཐོག་མར་ལྷའི་ལས་བྱེད་ཚེ་རིང་དབང་འདུས་ལགས་ཀྱིས་དགེ་སློབ་རྣམས་ལ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་འཆར་དང་ལས་དོན་ཁག་ངོ་སྤྲོད་བྱས།
Centenary college 3དམིགས་བསལ་ཕྱི་ཚེས་ ༩ ཉིན་སྨན་རྩིས་ཁང་གི་སྨན་པ་པདྨ་རྒྱལ་མཚན་ལགས་གདན་ཞུས་ཀྱིས་ཁོང་གིས་སློབ་ཕྲུག་རྣམས་ལ་བོད་སྨན་གྱི་བྱུང་རིམ་དང་། ཕན་ཡོན། ཁྱད་ཆོས་བཅས་ཀྱི་སྐོར་ངོ་སྤྲོད་འགྲེལ་བརྗོད་དང་། དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།
དེ་བཞིན་ལྷ་དང་མཉམ་འབྲེལ་ལས་རོགས་མེ་ཁལ་(Michael Smith)ལགས་ཀྱིས་འགྲུལ་བཞུད་སྣེ་ཁྲིད་འོག དགེ་སློབ་རྣམས་མཚོ་པདྨ་དང་སྦིར་སོགས་བསྐོར་བསྐྱོད་ཀྱིས་དེ་གར་ཡོད་པའི་བོད་མིའི་དགོན་སྡེ་གྲྭ་ཚང་དང་གཞིས་ཆགས་སོགས་ཀྱི་འཚོ་བའི་གནས་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་རྒྱུས་ལོན་བྱས།
མ་ཚད་རིག་གཞུང་བརྗེ་རེས་ཆེད་ཕེབས་པའི་སློབ་ཕྲུག་རྣམས་ལ་ལྷའི་སློབ་ཕྲུག་རེ་ངོ་སྤྲོད་ཀྱིས་ཉིན་ལྟར་ཆུ་ཚོད་ ༣ ཙམ་རིང་ཕན་ཚུན་བསམ་ཚུལ་སྤེལ་རེས་སོགས་བྱས།
Centenary college 4ཕྱི་ཚེས་ ༢༦ ཉིན་སློབ་ཕྲུག་རྣམས་ཀྱི་སྡོད་གནས་ཏེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཤམ་འོག་ཏུ་ཡོད་པའི་ལྷའི་ཞི་བའི་ཚལ་ཁང་པའི་(Lha's Ahimsa House)ནང་ལྷས་དགེ་སློབ་རྣམས་ལ་ཕེབས་སྐྱེལ་གྱི་ཞལ་ལག་ཞིག་གོ་སྒྲིག་དང་སྐབས་དེར་དགེ་སློབ་རྣམས་ལ་བོད་པའི་ཐུན་མིན་གྱི་ཁ་བཏགས་སྒྲོན་འབུལ་དང་། དྲན་རྟེན་སོགས་ཕུལ་བ་དང་། ཁོང་ཚོ་དང་ལྷན་དུ་རིག་གཞུང་བརྗེ་རེས་བྱེད་མཁན་ལྷའི་བོད་པའི་སློབ་ཕྲུག་རྣམས་ཀྱང་སྐབས་དེར་མཉམ་ཞུགས་བྱས་ཡོད་པ་རེད།
ལྷས་གོ་སྐབས་འདིའི་བརྒྱུད་དགེ་སློབ་རྣམས་ལ་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་རིག་གཞུང་བརྗེ་རེས་དང་སྐྱབས་བཅོལ་བོད་མིའི་གནས་སྟངས་རྒྱུས་ལོན་བཅས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།