མཐའ་དོན་འབོད་སྐུལ་ཚིག་གསུམ།

བོད་མིའི་ཚོའི་མགོ་བླ་མ་དཔོན་པོ་ནས་མང་ཚོགས་དཀྱུས་མ་བར་བཤད་རྒྱུན་ཞིག་ཡོད་པ་ནི་སོ་སོའི་མི་རིགས་འདི་ཡ་རབས་སྤྱོད་བཟང་དང། ལས་འབྲས་ལ་ཡིད་ཆེས་བྱེད་མཁན། རང་ལས་གཞན་གཅེས་པའི་ལྟ་བ་འཛིན་མཁན་ཡིན་ཟེར་གྱི་ཡོད་རེད་ལ།

ཁ་ནས་བཤད་པ་ནང་བཞིན་ལག་ལེན་དངོས་ལ་ག་ཚོད་ཙམ་འགྲོ་ཡི་ཡོད་མེད་རང་གིས་རང་ལ་བརྟག་དཔྱད་བྱེད་དགོས་པའི་དུས་ལ་སླེབས་འདུག ལྷག་པར་རང་མགོ་གང་ཐོན་མ་ཡིན་པར་སོ་སོའི་སྤྱི་ཚོགས་དང་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་གྱིས་གཞན་ལ་ཕན་ཐོགས་ཡོད་པའི་ལས་དོན་ཕྲན་བུ་རེ་བྱ་རྒྱུའི་ཆོད་སེམས་དགོས་ཀྱི་འདུག དེ་ལྟར་བྱེད་ཐུབ་ན་བོད་རིགས་ཀྱི་ཡ་རབས་བཟང་སྤྱོད་དང། ནང་ཆོས་ཀྱི་སྙིང་པོ། དེ་བཞིན་ྋརྒྱལ་བ་དགྱེས་པའི་མཆོད་སྤྲིན་ངོ་མ་དེ་ཡིན་པ་མ་ཟད། འབྱུང་འགྱུར་བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་ངེས་ཅན་ཡོང་རྒྱུ་དང། དེ་དང་ཆབས་གཅིག་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་འདི་ཁེ་མེད་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ཞིག་ཡིན་པ་དང། ལྷག་པར་ཚོགས་པར་ཡོང་ཁུངས་དང་གཏན་འཇགས་ཀྱི་རོགས་ཚོགས་ཤིག་མེད་དུས་ལོ་རེའི་འགྲོ་གྲོན་དང་ལས་འཆར་སོགས་ལག་བསྟར་བྱེད་པར་དཀའ་ངལ་ཡོད་པས། གཞན་ཕན་སྙིང་རྗེ་ལྡན་ཅིང་གཏོང་ཕོད་ཡངས་པའི་རང་རེ་བླ་སྤྲུལ་དང་འབྱོར་ལྡན་རྣམས་ནས་རོགས་རམ་གང་ཐུབ་གནང་བའི་རེ་སྐུལ་དང། ད་བར་ང་ཚོའི་སྤྱི་ཚོགས་ཞབས་ཞུ་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གཞུང་དང་ཚོགས་པ་དེ་བཞིན་མི་སྒེར་སོགས་ལ་དེ་རིང་གི་གོ་སྐབས་འདི་བརྒྱུད་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།