དང་བླངས་གོ་སྐབས་དང་འབྲེལ་མཐུད།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་རྒྱལ་དྭང་བླངས་བའི་ལས་ཀ་བྱེད་ས་དང་འབྲེལ་མཐུད་བྱེད་མཁན་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སོགས་ལ་རོགས་རམ་གྱིས་དང་བླངས་བ་དང་འབྲེལ་མཐུད་བྱེད་ཀྱི་ཡོད།

ཆེད་ལས་པ་དང་ཆེད་ལས་མཁན་མ་ཡིན་པ་ཇི་ལྟར་ཡང་དང་བླངས་བ་ཚོས་དོན་དང་ལྡན་པའི་ཞབས་ཞུའི་ཐོག་ཉམས་མྱོང་འདྲ་མིན་གསག་རྒྱུའི་གོ་སྐབས་རག་གི་ཡོད་པ་མ་ཟད། སྐྱབས་བཅོལ་སྤྱི་ཚོགས་ནང་ལའང་དེ་བཞིན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། 

ཚོགས་པའི་ཉིན་རེའི་ལས་གཞི་དང་ལས་རིམ་མང་པོ་ཞིག་ཕྱི་རྒྱལ་དང་བླངས་བས་རོགས་རམ་བྱེད་ཀྱི་ཡོད་པ་དང་ཉིན་རེར་དང་བླངས་ལས་ཀ་བྱེད་མཁན་མི་གྲངས་ ༡༥་ནས་ ༢༥་བར་ཡོད་ལ། ཕན་ཐོགས་ཡང་རྒྱ་ཆེར་ཡོང་གི་ཡོད།