རིག་གཞུང་བརྗེ་རེས་སྐོར།

ཕྱི་ལོ་༢༠༠༢ཙམ་ནས་ང་ཚོས་རིག་གཞུང་བརྗེ་རེས་ལས་རིམ་དེ་འགོ་འཛུགས་བྱས་པ་རེད་ལ། དེ་ཡང་ལོ་རེར་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གྲྭ་དང་རིག་གཞུང་བརྗེ་རེས་བྱེད་མཁན་ཚོགས་པ་འགའ་ཤས་དང་མཉམ་དུ་ལོ་ལྟར་ཕྱི་རྒྱལ་སློབ་ཕྲུག་གྲངས་༧༠ ནས་༡༢༠ བར་ང་ཚོའི་ཚོགས་པའི་སློབ་མ་དང་མཉམ་དུ་ཤེས་ཡོན་དང་རིག་གཞུང་བརྗེ་རེས་བྱེད་ཀྱི་ཡོད་པ་མ་ཟད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གཙོས་དཔེ་མཛོད་དང། འགྲེམས་སྟོན་ཁང། དགོན་སྡེ། རིག་གཞུང་ལྟེ་གནས་ཁང་སོགས་སུ་གཟིགས་སྐོར་དང། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང། ད་ལྟའི་བོད་ཀྱི་གནས་བབ་སྐོར་ལ་ཆེད་མཁས་དང་འབྲེལ་ཡོད་མི་སྣའི་གསུང་བཤད་སོགས་གོ་སྒྲིག་བྱེད་ཀྱི་ཡོད།