གྱོན་གོས་དང་། དཔེ་དེབ། སྨན་སོགས་ཞལ་འདེབས།

ཕྱི་ལོ་༢༠༠༨ལོར་ང་ཚོར་ཨ་རིར་ཡོད་པའི་ཚོགས་པ་ཞིག་ནས་དབྱིན་ཡིག་དཔེ་དེབ་དང་ཚིག་མཛོད་སུམ་ཁྲི་ཙམ་ཞལ་འདེབས་གནང་སོང། དེ་དག་ཚང་མ་བོད་ཁྱིམ་སློབ་གྲྭ་ཁག་གཙོས་བོད་པའི་སློབ་གྲྭ་དང་དཔེ་མཛོད། ཤེས་ཡོན་སྡེ་ཚན། དེ་བཞིན་ས་གནས་རྒྱ་གར་སློབ་གྲྭ་སོགས་ལ་ཞལ་འདེབས་སྤྲད་པ་ཡིན།

གྱོན་གོས་ཞལ་འདེབས་ནི་ཕྱི་རྒྱལ་ཡུལ་སྐོར་བ་དང་དང་བླངས་བ་སོགས་ནས་ཚོགས་པར་ཞལ་འདེབས་བརྒྱབ་པ་དེ་ཚོ་ཟླ་རེར་བཞིན་དྷ་སའི་རོ་ཊར་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་ནས། ས་གནས་ཡུལ་མིར་སྦྱིན་གཏོང་བྱེད་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་ལ་ཡང་ལོ་ལྟར་གྱོན་གོས་རོགས་རམ་བྱེད་ཀྱི་ཡོད། སྨན་དང་སྨན་གྱི་ཡོ་ཆས་ཞལ་འདེབས་བྱུང་བ་ཁག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་སོགས་ལ་ཞལ་འདེབས་འབུལ་གྱི་ཡོད།