འཕྲོད་བསྟེན་སྐོར་གྱི་ལས་དོན།

ང་ཚོའི་སྐྱབས་བཅོལ་སྤྱི་ཚོགས་ནང་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད་དམིགས་བསལ་གོ་རྟོགས་སྤེལ་བ་མ་ཟད། འཕྲོད་བསྟེན་ཆེད་ལས་པས་གཙང་སྦྲ་འཕྲོད་བསྟེན་བྱེད་ཕྱོགས་སྐོར་སློབ་གསོ་སྤྲོད་བཞིན་ཡོད། དེ་བཞིན་སྨན་ཞལ་འདེབས་བྱུང་བ་དེ་ཚོ་བདེ་ལེགས་སྨན་ཁང་དུ་ཞལ་འདེབས་འབུལ་གྱི་ཡོད།

ལོ་ལྟར་མིག་དང་སོ་སོགས་རིན་མེད་བརྟག་དཔྱད་ཀྱིས་མིག་ཤེལ་དང་སོ་བཟོ་བཅོས་སོགས་ཀྱི་མཐུན་རྐྱེན་རོགས་རམ་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་ཉིན་རེའི་འཕྲོད་བསྟེན་ཡར་རྒྱས་ཡོང་ཆེད་ཟས་བཅུད་ལྡན་པའི་ཁ་ལག་དང་ཆུ་གཙང་མ་སོགས་ཀྱི་མཐུན་རྐྱེན་སྦྱར་གྱི་ཡོད།

ཁོར་ཡུག་སྐོར་ལ་ཆ་མཚོན་ན་ལོ་ལྟར་འཛམ་གླིང་ཁོར་ཡུག་ཉིན་མོར་དྷ་ས་མེག་གྷན་གྱི་ཁོར་ཡུག་གཙང་བཟོ་བྱེད་པ་དང༌། དེ་བཞིན་རྒྱུན་དུ་ཚོགས་པའི་ངོས་ནས་གོ་སྒྲིག་གིས་དང་བླངས་ལས་བྱེད་དང་སློབ་ཕྲུག་སོགས་ནས་ཁོར་ཡུག་གཙང་བཟོ་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཡིག་ཆ་སོགས་རིན་མེད་འགྲེམས་སྤེལ་བྱེད་ཀྱི་ཡོད། དེ་བཞིན་འཐུང་ཆོས་གཙང་མིའི་ལས་འཆར་སོགས་ཡོད་པ་རེད།