ཤེས་ཡོན་སློབ་གསོ་སྐོར།

འདས་པའི་ལོ་བཅུ་གསུམ་ལྷག་ཙམ་རིང་གཙོ་བོ་བོད་རིགས་སེར་སྐྱ་རྒན་གཞོན་སློབ་སྦྱོང་གི་གོ་སྐབས་མ་རག་པར་མུ་མཐུད་ཤེས་ཡོན་ལ་དོ་སྣང་དང་ཡར་རྒྱས་གཏོང་འདོད་ཡོད་མཁན་ལ་ཉིན་ལྟར་ཨིན་ཡིག་འཛིན་གྲྭ་མཐོ་དམན་དྲུག་དང། རྒྱ་ཡིག་འཛིན་གྲྭ་གསུམ།

ཧྥ་རན་སི་སྐད་ཡིག་འཛིན་གྲྭ་གཉིས། བོད་ཡིག་འཛིན་གྲྭ་གཅིག དེ་བཞིན་སི་པན་དང་འཇར་མན་གྱི་སྐད་ཡིག་འཛིན་གྲྭ་དང་སྒེར་སོ་སོར་དགེ་རྒན་བཙལ་འཚོལ་གྱིས་སློབ་ཁྲིད་བྱེད་བཞིན་ཡོད། ཉིན་རེར་སྐད་ཡིག་འཛིན་གྲྭར་ཡོང་མཁན་སློབ་མ་༡༥༠ ཡས་མས་ཙམ་ཡོད། ཉིན་ལྟར་གློག་ཀླད་རྨང་གཞིའི་འཛིན་གྲྭ་གཉིས་དང༌། འབྲིང་རིམ་འཛིན་གྲྭ་གཅིག དམིགས་བསལ་གློག་ཀླད་སྦྱོང་བརྡར་འཛིན་གྲྭ་བཅས་ཡོད། ཉིན་རེའི་གློག་ཀླད་སློབ་སྦྱོང་བྱེད་མཁན་མི་གྲངས་༢༥་ནས་༣༠་ཡོང་གི་ཡོད། དེ་བཞིན་སྐབས་འཕྲལ་དགོས་མཁོ་དང་བསྟུན། གཟུགས་པོ་འཕུར་མཉེ་འམ་བསྐུ་མཉེ་གཏོང་སྟངས། པར་ལེན་སྒྱུ་རྩལ་སོགས་ཤེས་ཡོན་སློབ་གསོ་དང་ལག་ཤེས་སྦྱོང་བརྡར་སོགས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུ་ཡི་ཡོད།