ཞབས་ཞུ་གསར་པ།

ཕྱི་ལོ་༢༠༡༢་ནས་ྋགོང་ས་མཆོག་གིས་གསུང་ཆོས་དང་མང་ཚོགས་འདུ་འཛོམས་སྐབས་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་གོ་རྟོགས་ལས་འགུལ་གྱིས་ང་ཚོའི་སྤྱི་ཚོགས་ནང་ཉིན་རེའི་འཚོ་བ་དང་འབྲེལ་བ་ཡོད་པའི་རྒྱུན་ཤེས་ཁག་གོང་མཐོར་གཏོང་ཆེད་དང་། འབྲེལ་ཡོད་གནས་ཚུལ་དྲིལ་བསྒྲགས་དང་མཁོ་སྤྲོད།

keeping electronic toolsདེ་བཞིན་གསུང་ཆོས་སྐབས་ལག་ཐོག་ཁ་པར་དང་དཔར་ཆས་སོགས་འབྲེལ་ཡོད་ཆ་དངོས་ཉར་ཚགས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ལས་འཆར་གསར་པ་ཞིག་མགོ་འཛུགས་བྱས་ཡོད་ལ། རྒྱུན་ལྡན་མི་མང་པོ་ཞིག་གིས་ལག་ཐོག་ཁ་པར་དང་ཅ་དངོས་སོགས་མཉམ་ཁྱེར་བྱེད་ཀྱི་ཡོད་དུས་གསུང་ཆོས་ལ་འགྲོ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པས། ཞབས་ཞུ་འདི་བརྒྱུད་སེར་སྐྱ་མི་མང་གང་མང་ལ་ཕན་ཐོགས་གང་ལེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།