ལས་རིམ་གྱི་དམིགས་ཡུལ།

འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཕེབས་པའི་དྭང་བླངས་བ་རྣམས་ཀྱི་ཉམས་མྱོང་བརྒྱུད། སྐྱབས་བཅོལ་བོད་མིའི་སློབ་ཕྲུག་རྣམས་ཀྱིས་དབྱིན་སྐད་ཀྱི་རྨང་གཞི་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང་། དུས་ཡུན་རིང་པོར་བཞུགས་མཁན་དྭང་བླངས་བ་ཚོས་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ནང་། ཉིན་ལྟར་དབྱིན་ཡིག་ཚུད་པའི་སྐད་ཡིག་འདྲ་མིན་ཞིག་སློབ་ཁྲིད་བྱེད་བཞིན་ཡོད། བློ་ཕམ་པ་ཞིག་ལ་རྒྱུན་དུ་སློབ་ཕྲུག་རྣམས་ལ་དབྱིན་སྐད་ཡར་རྒྱས་གཏོང་བའི་གོ་སྐབས་དེ་ཙམ་རག་གིན་མེད་ཀྱང་། ལྷའི་སློབ་ཕྲུག་ཚོས་དྭང་བླངས་བ་ཚོ་དང་ལྷན་ཉིན་རེ་དུ་དུས་ཡུན་ཆུ་ཚོད་༡ནས་༣བར་དབྱིན་སྐད་དང་དབྱིན་ཇིའི་སྒྲ་གདངས་ཡར་རྒྱས་གཏོང་བའི་གོ་སྐབས་ཡོད་པ་རེད།

རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་ཚོས་དྷ་རམ་ས་ལ་དང་བཙན་བྱོལ་བོད་མིའི་འཚོ་བ་བཅས་ལ་རྒྱུན་ལོན་དང་། ཕན་ཚུན་འབྲེལ་འདྲིས། རིག་གཞུང་སྣ་ཚོགས་གཏིང་ཟབ་མོ་རྒྱུས་ལོན་བྱེད་པའི་ཕྱོགས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་ཅིང་། རིག་གཞུང་བརྗེ་རེས་སྐབས། སྐྱབས་བཅོལ་བའི་སློབ་མ་རེ་རེས་རྒྱ་ནག་བོད་ལ་བཙན་འཛུལ་བྱེད་སྟངས་དང་། བོད་ནས་སྐྱབས་བཅོལ་དུ་ཡོང་སྐབས་སློབ་ཕྲུག་རེ་རེས་དཀའ་སྡུག་མ་འདྲ་བ་རེ་འགྲེལ་བརྗོད་བྱེད་པ་དང་སྐྱབས་བཅོལ་དུ་འབྱོར་རྗེས་ཆོས་དད་རང་དབང་སོགས་ཕྱོགས་མང་པོ་ཞིག་ནས་ཁེ་ཕན་ཡོད་ཀྱང་། ནང་མི་དང་སྤུན་མཆེད་སོགས་ཡོད་ཚད་རྒྱབ་ཏུ་བསྐྱུར་དགོས་ཀྱི་ཡོད་པ་རེད།

ང་ཚོའི་རེ་བར་རིག་གཞུང་བརྗེ་རེས་ཀྱི་ཁ་སྐད་སྦྱོང་བརྡར་བརྒྱུད་ནས་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་ཕྲུག་ཚོས། བོད་མིའི་ཆོས་དང་རིག་གཞུང་དང་། བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས། སྐྱབས་བཅོལ་བོད་མིའི་འཚོ་བ་བཅས་རྒྱུས་ལོན་ཟབ་མོ་གནང་ཐུབ་རྒྱུ་དེ་ཡིན།