རིག་གཞུང་བརྗེ་རེས་ཀྱི་ལས་རིམ།

རྒྱབ་ལྗོངས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ། ཕྱི་ལོ་ ༢༠༠༢ ལོར་ཐུ་ལན་ལས་རིགས་གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སློབ་ཐོན་སློབ་མ་ཁག་ཅིག དྷ་རམ་ས་ལར་བཏང་ཏེ་བོད་པའི་སྤྱི་ཚོགས་དང་རིག་གཞུང་རྗེ་རེས་བྱ་རྒྱུ་ཡིན་ལུགས་བསམ་ཚུལ་སླེབས་པ་དང་སྦྲག ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ཞིག་འགོ་བརྩམས་པ་དང་། དེ་ནས་བཟུང་ལོ་ལྟར་ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་།

ས་གནས་རྒྱ་གར་གྱི་སྤྱི་ཚོགས་ནང་སློབ་ཕྲུག་རྣམས་དང་རིག་གཞུང་བརྗེ་རེས་བྱ་རྒྱུའི་ལས་རིམ་གོ་སྒྲིག་བྱེད་ཀྱིན་ཡོད་ཅིང་། ལོ་མང་རིག་གི་ཉམས་མྱོང་ལ་གཞིགས་ན་ལས་གཞི་འདིས་བོད་དོན་ཁྱབ་སྒྲབས་དང་། དྷ་སའི་གཡས་གཡོན་དུ་ཡོད་པའམ་ཕྱོགས་གཞན་ནས་འདིར་ནད་གསོ་དང་སློབ་སྦྱོང་གི་ཆེ་དུ་ཡོང་བའི་བོད་རིགས་དང་ཧི་མ་ལ་ཡིའི་རི་རྒྱུད་ཀྱི་མི་གང་མང་ལ་ཞལ་ལག་དང་། བོད་ཨིན་རྒྱ་གསུམ་སོགས་སྐད་ཡིག་ལ་སློབ་སྦྱོང་བྱེད་བའི་གོ་སྐབས་འབུར་ཐུབ་པར་མ་ཟད་། བོད་དང་རྒྱ་གར་དེ་བཞིན་ཕྱོགས་གང་ས་ནས་ཕེབས་པའི་ཆེད་ལས་པ་དང་། ཞིབ་འཇུག་པ། མཁས་དབང་། དགེ་རྒན། སློབ་ཕྲུག་སོགས་དོན་གཉེར་ཅན་ཧ་ཅང་མང་པོར་ཤར་ནུབ་ཀྱི་རིག་གཞུང་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་ཞབས་ཞུ་གང་ལེགས་བསྒྲུབས་ཐུབ་པ་བྱུང་ཞིང་། ད་དུང་མུ་མཐུད་ནས་འབད་བརྩོན་བྱེད་བཞིན་ཡོད། དེ་ཡང་

Cultrul Exchange of Lha 1ང་ཚོས་རྒྱལ་སྤྱིའི་སློབ་གླིང་འདྲ་མིན་ནས་རིག་གཞུང་བརྗེ་རེས་བྱེད་མཁན་གྱི་སློབ་ཕྲུག་སྣེ་ལེན་བྱས་པ་ལོ་རེ་ནས་ཇེ་མང་དུ་ཕྱིན་པ་བརྒྱུད། ཕྱི་ལོ་༢༠༠༨ལོར་ང་ཚོས་ནུབ་ཕྱོགས་ཀྱི་སློབ་གླིང་འདྲ་མིན་ནས་སློབ་ཕྲུག་ཚོ་ཁག་༧ལ་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་གོ་སྒྲིག་བྱས་པ་དང་། ཕྱི་ལོ་༢༠༠༩ལོར་གྲངས་ཚར་ཡར་འཕར་ནས་སློབ་ཕྲུག་ཚོ་ཁག་ ༡༡ ལ་གོ་སྒྲིག་བྱས། ཕྱི་ལོ་ ༢༠༡༠ ལོར་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་བཅས་ནས་སློག་ཕྲུག་ཁག་ ༥ ལ་ལས་རིམ་གོ་སྒྲིག་བྱས། དེ་དག་མང་ཆེ་བ་ཨ་རི་ནས་ཡིན་པ་རེད། ལོ་ལྟར་ལས་རིམ་འདིའི་ནང་མཉམ་ཞུགས་གནང་མཁན་ཁྱོན་སློབ་ཕྲུག་གྲངས་ ༧༥ ཙམ་ཟིན་གྱི་ཡོད།

Exchang Group and CTA Membersད་ལྟའི་ཆར་ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་ལོ་ལྟར་དཔྱིད་དུས་སུ། Tulane School of Social Work ཐུ་ལན་སྤྱི་ཚོགས་ཞབས་ཞུའི་ལས་རིགས་སློབ་གླིང་དང་། Tulane University ཐུ་ལན་གཙུག་ལག་སློབ་གཉེར་ཁང་། Centenary College སན་ཊེ་ནཱ་རེ་མཐོ་རིམ་སློབ་གཉེར་ཁང་། Loyola University ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་། དེ་བཞིན་ Rustic Path Way རཱ་སི་ཊི་ཀི་པཱ་ཐི་ཝེ་དང་། Lifework International ལའེ་ཧྥུ་ཝོར་ཁེ་ཟེར་བ་སོགས་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་རིག་གཞུང་བརྗེ་རེས་གོ་སྒྲིག་བྱེད་མཁན་ཚོགས་སྡེ་ཁག་དང་མཉམ་འབྲེལ་གྱིས། ཨ་རིའི་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་མང་པོ་ཞིག་གི་སློབ་མ་དང་རིག་གཞུང་བརྗེ་རེས་བྱེད་པའི་ལས་རིམ་གོ་སྒྲིག་ཞུ་བཞིན་ཡོད།

Cultrul Exchange of Lha 2རིག་གཞུང་བརྗེ་རེས་གནང་མཁན་གྱི་སློབ་མ་མང་ཆེ་བ་ཕྱི་ཟླ་༤པ་ནས་༩པའི་བར་ཡོང་གིན་ཡོད་ཀྱང་། དེ་མིན་གྱི་དུས་ཡུན་གཞན་ཁག་ལའང་ང་ཚོས་གོ་སྒྲིག་བྱེད་ཀྱི་ཡོད། དཔེར་ན་དགུན་དུས་ (Mexico) མེཀ་སི་ཁོ་ནས་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོ་ཁག་ཅིག་ཡོང་གི་ཡོད་པ་དང་། རིག་གཞུང་བརྗེ་རེས་ཀྱི་སློབ་ཕྲུག་རྣམས་འདི་གར་སྡོད་པའི་དུས་ཡུན་ནི་བདུན་ཕྲག་གཅིག་ནས་ཟླ་བ་གཅིག་ཙམ་བར་ཡིན།

ཐེངས།{hits}56{/hits} བཀླགས་འདུག