ལོ་གསར་གུང་སེང་གསལ་བསྒྲགས།

༄༅།། མཁྱེན་ཡངས་དང་བླངས་ལས་བྱེད་དང་བརྩེའི་སློབ་ཕྲུག་རྣམ་པའི་གཙོས་འབྲེལ་ཡོད་ཚང་མར་གསལ་བསྒྲགས་ཞུ་རྒྱུར།
བོད་རྒྱལ་ལོ་༢༡༤༢རབ་གནས་ཤིང་ལུག་ལོའི་ལོ་གསར་དེ་ཕྱི་ལོ་༢༠༡༥ཟླ་༢ཚེས་༡༩ནས་ཡིན་པས། ལྷན་རྒྱས་བོད་ཀྱི་ལོ་གསར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་ལོ་གསར་སྐྱིད་པོ་དང་ལོ་གསར་པའི་ནང་ཚེ་བསོད་རླུང་རྟ་དར་ཞིང་སྐུ་གཟུགས་གསལ་ཐང་ངང་བྱ་གཞག་ཐམས་ཅད་ལེགས་གྲུབ་ཡོང་བའི་སྨོན་ལམ་གྲངས་མེད་ཞུ།


ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་ཁུངས་དང་འཛིན་གྲྭ་སོགས་ཕྱི་ལོ་༢༠༡༥ཟླ་༢ཚེས་༡༦ནས་ཚེས་༢༧བར་སྒོ་རྒྱག་རྒྱུ་ཡིན་ཞིང་། ལོ་གསར་གུང་སེང་རྗེས་ལྷན་རྒྱས་ཚང་མ་ཡང་བསྐྱར་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ལ་སྔར་རྒྱུན་ལྟར་ཆ་ཤས་ལེན་པའི་རེ་བ་ཡོད་ལ། ང་ཚོས་ཀྱང་གང་ཐུབ་ཞབས་ཞུ་སྔར་ལྷག་ཞུ་ཐུབ་པའི་འབད་བརྩོན་དང་ཆོད་སེམས་ཡོད་པས་དེ་དོན་དགོངས་འཇགས་འཚལ།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས། ཕྱི་ལོ་༢༠༡༥ཟླ་༡ཚེས་༥ཉིན།།