འཐུང་ཆུ་གཙང་མའི་རོགས་རམ་ལས་གཞི་གསལ་བསྒྲགས།

Lhaལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༡ནས་བཟུང་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་དང་ས་གནས་ཡུལ་མིའི་སློབ་གྲྭ་ཁག་ལ་འཐུང་ཆུ་གཙང་མའི་ཆུ་ཚགས་འཕྲུལ་ཆས(R.O)ལས་གཞི་རོགས་རམ་བྱས་དང་བྱེད་བཞིན་པ་དང་།
ལས་གཞི་འདིའི་གཞི་རྩའི་དམིགས་ཡུལ་ནི་སློབ་ཕྲུག་ཚོའི་འཕྲོད་བསྟེན་བདེ་ཐང་དང་འཚར་ལོངས་སོགས་ཡག་པོ་ཡོང་ཆེད་ཡིན་ཞིང་། འདས་པའི་ལོ་གསུམ་རིང་རིན་གོང་ཧིན་སྒོར་འབུམ་བཅོ་ལྔ་ལྷག་ཙམ་ཡིན་པའི་འཐུང་ཆུ་གཙང་མའི་འཕྲུལ་ཆས་གསར་འཛུགས་ཀྱི་ལས་གཞི་ཁག་དགུ་ཙམ་ལག་བསྟར་གྱིས་ལམ་ལྷོང་བྱུང་ཡོད་པས། ད་ལྟའི་ཆར་མི་གྲངས་བཞི་སྟོང་ཙམ་གྱིས་འཐུང་ཆུ་གཙང་མར་ལོངས་སྤྱོད་བྱེད་བཞིན་ཡོད།
ཕྱི་ལོ་༢༠༡༣ཟླ་༩ནང་འཐུང་ཆུ་གཙང་མ་རོགས་རམ་བྱེད་ཡུལ་སློབ་གྲྭ་ཁག་ལ་རྟོགས་ཞིབ་བྱས་པ་བརྒྱུད་དགེ་སློབ་བརྒྱ་ཆ་༧༤ཙམ་གྱི་འཕྲོད་བསྟེན་བདེ་ཐང་སོགས་ལ་ཕན་ཐོགས་གང་ལེགས་ཡོང་གི་ཡོད་པ་ངོ་འཛིན་བྱུང་བ་དང་འབྲེལ། ལས་འཆར་འདི་མུ་མཐུད་ལག་བསྟར་དང་རོགས་རམ་གང་ཐུབ་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་འཕར་མ་ཐེབས་སོང།


ཕྱི་ལོ་༢༠༡༤ལོར་འཐུང་ཆུ་གཙང་མ་བཟོ་བྱེད་ཀྱི་ཆུ་ཚགས་འཕྲུལ་ཆས་གྲངས་ ༥ རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དང་ཨུ་ཏར་རན་ཅལ་མངའ་སྡེ་ནང་ཡོད་པའི་སློབ་གྲྭ་ཁག་ལ་རོགས་རམ་བྱེད་འཆར་ཡོད། ཆུ་ཚགས་འཕྲུལ་ཆས་ལྷུ་སྒྲིག་མ་ལག་དེར་ཆུ་ལི་ཊར་ ༥༠༠ ཡི་ཤོང་ཚད་ལྡན་པའི་ངར་ལྕགས་ལས་གྲུབ་པའི་ཆུ་སྣོད་དང། འཕྲུལ་ཆས་དེས་ཆུ་ཚོད་རེར་ཆུ་ལི་ཊར་ ༡༠༠ ཙམ་མཁོ་འདོན་ཐུབ་ཀྱི་ཡོད།
འཐུང་ཆུ་གཙང་བཟོའི་འཕྲུལ་ཆས་དགོས་མཁོ་ཡོད་པའི་སློབ་གྲྭ་དེར་སློབ་ཕྲུག་གྲངས་༣༠༠ནས་༥༠༠བར་ཡོད་པ་ཞིག་ངེས་པར་ཡིན་དགོས་ཤིང་། དེ་ཡང་ཁྲིམས་མཐུན་གྱི་དེབ་སྐྱེལ་དང་ངོས་འཛིན་ཡོད་པ་ཞིག་དགོས་ལ། སློབ་གྲྭ་དེར་རྒྱུན་ལྡན་ཆུའི་དཀའ་ངལ་མེད་པ་ཞིག་ཡིན་དགོས་པ་ཡིན།
གལ་སྲིད་སློབ་གྲྭ་ལྔ་ལས་མང་བ་སྙན་ཞུ་འབུལ་མཁན་བྱུང་ན་སློབ་གྲྭའི་གནས་བབས་དང་དམིགས་བསལ་དགོས་མཁོ་གཞིར་བཟུང་འདེམ་སྒྲུག་བྱ་རྒྱུ་དང་། འཚང་སྙན་འབུལ་མཁན་སློབ་གྲྭ་དེའི་ལོ་རྒྱུས་མདོར་བསྡུས་དང་དགེ་སློབ་གྲངས་ཇི་ཡོད། དེ་བཞིན་འཐུང་ཆུ་གཙང་མ་བཟོ་བྱེད་ཀྱི་འཕྲུལ་ཆས་དགོས་མཁོ་ཇི་ལྟར་ཆགས་ཡོད་མེད་སོགས་ཀྱི་སྐོར་བོད་ཨིན་གང་རུང་ནས་སྙན་ཞུ་འབུལ་ཆོག
སྙན་ཞུ་དེ་ཕྱི་ལོ་༢༠༡༤ཟླ་༤ཚེས་༢༥ སྔོན་ལ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་ཁང་གི་མྱུར་འཕྲིན་དང་ཡང་ན་སྦྲག་ལམ་བརྒྱུད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་བཅས།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༡༤ཟླ་༣ཚེས་༢༠ཉིན།
མྱུར་འཕྲིན་ཁ་བྱང། This email address is being protected from spambots. You need JavaScript enabled to view it.
This email address is being protected from spambots. You need JavaScript enabled to view it.
དམིགས་བསལ་དོགས་འདྲི་ཡོད་ན།
ལས་ཁུངས་ཁ་པར། ༠༡༨༩༢ ༢༢༠༩༩༢
ལག་ཐོགས་ཁ་པར་ཨང་། ༩༨༡༦༦༨༩༢༢༢
ལས་ཁུངས་གི་ཁ་བྱང།
Lha Office, Temple Road
McLoed Ganj, Dharamshala - 176219. Distt. Kangra. HP India