ལྷའི་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་ལས་བསྡོམས་སྙན་ཐོ།

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དགའ་སྤོབས་དང་བཅས་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་ལས་བསྡོམས་སྙན་ཐོ་གནད་བསྡུས་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་དང་འབྲེལ། ཕྱི་ལོ་༢༠༡༥ལོར་གལ་ཆེའི་ལས་རིམ་དང་ལས་འཆར་གྱི་རྣམ་གྲངས་ཁག་ ༤༨ ཙམ་ལག་བསྟར་བྱས་པ་བརྒྱུད་ཉུང་མཐར་ཁྱོན་མི་གྲངས་ ༣༢༠༠༠ ཙམ་ལ་ཕན་ཐོགས་དང་ཞབས་ཞུ་བསྒྲུབས་ཐུབ་པ་བྱུང་ཡོད་པ་རེད།

ཚོགས་པ་འདིའི་ལས་གཞི་ཁག་མུ་མཐུད་ལེགས་བཅོས་དང་རྒྱ་བསྐྱེད་གཏོང་མུས་ཡིན་ལ། ཚོགས་པའི་བསྒྲུབ་བྱའམ་དམིགས་འབེན་གཙོ་བོ་ལྔ་ནི་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོ། བོད་དོན་གོ་རྟོགས། དང་བླངས་གོ་སྐབས། རིག་གཞུང་བརྗེ་རེས་བཅས་ཡིན་ཞིང་། ཕྱི་ལོ་ ༡༩༩༧ ལོར་ཚོགས་པ་འདི་གསར་འཛུགས་བྱས་པ་ནས་བྱམས་བརྩེ་དང་གཏོང་ཕོད་ཆེ་བའི་རོགས་སྐྱོར་གནང་མཁན་རྣམ་པ་དང་འཛམ་གླིང་ས་ཕྱོགས་གང་ས་ནས་ལྷག་བསམ་རྣམ་དག་གིས་ཆོད་སེམས་གཏན་པོའི་ཐོག་ནས་ལེགས་སྐྱེས་འབུལ་མཁན་དང་བླངས་བ་ཆེས་མང་པོའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མུ་མཐུད་དེ་ཡར་རྒྱས་དང་ལག་བསྟར་དོན་འཁྱོལ་ཡོང་བར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་སོང༌། ལྷག་དོན་ཕྱི་ལོ་ ༢༠༡༥ ལོའི་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་ལས་འཆར་དང་ལས་དོན་འཆར་གཞི་ལྟར་ལམ་ལྷོང་དང་གྲུབ་འབྲས་ལྡན་པ་བྱུང་སོང་བས་རོགས་སྐྱོར་གནང་མཁན་ཚོགས་པ་དང་སྒེར་བ་གཙོས་དང་བླངས་བ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

ཚོགས་པའི་སྐོར།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ཕྱི་ལོ་༡༩༩༧ ལོར་ཐོག་མར་གསར་འཛུགས་ཀྱིས་རྒྱ་གར་གཞུང་ལ་ཡིད་ཆེས་དགེ་རྩའི་མིང་ཐོག་ཁྲིམས་མཐུན་དེབ་སྐྱེལ་དང་མངའ་སྡེའི་དཔྱ་ཁྲལ་ལས་ཁུངས་ནས་ཁེ་མེད་ཚོགས་པར་ངོས་ལེན་གྱིས་འབྲེལ་ཡོད་ཡིག་ཆ་བཀའ་ཁྲོལ་ཐོབ་ཡོད་པ་རེད། དེ་བཞིན་ཚོགས་པའི་དངུལ་རྩིས་ཀྱང་གནས་ཡུལ་གཞུང་གིས་ངོས་ལེན་ཡོད་པའི་ཆེད་ལས་རྩིས་པས་རྩིས་ཞིབ་དང་འབྲེལ་སྙན་ཐོ་སྟོན་གྱི་ཡོད་ཅིང་། ལོ་ལྟར་རྒྱ་གར་དབུས་གཞུང་དཔྱ་ཁྲལ་ལས་ཁུངས་ནས་ཚོགས་པའི་དངུལ་རྩིས་ལ་ཞིབ་བཤེར་གྱིས་དག་མཆན་གནང་གི་ཡོད། ལྷག་དོན་ཚོགས་པ་འདི་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར་རྒྱལ་སྤྱི་རང་བཞིན་གྱིས་ངོས་འཛིན་དང་འབྲེལ་གཟེངས་རྟགས་ཐོབ་པའི་ཚོགས་སྡེ་ཞིག་ཀྱང་ཆགས་ཡོད་པ་རེད།

Luanguage Classདགོས་དམིགས་དང་ལས་རིམ་ཁག
ཚོགས་པའི་གཞི་རྩའི་དམིགས་ཡུལ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞན་ཕན་ཆེད་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་སློབ་གསོའི་ལས་དོན་སྣེ་མང་བྱ་རྒྱུ་དེ་ཡིན་ཞིང་། མ་ཚད་ཧི་མ་ལའི་རི་རྒྱུད་དང་ས་གནས་རྒྱ་གར་མི་མང་ལའང་དེ་མཚུངས་སུ་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་ཡིན།
ཉིན་ལྟར་ཚོགས་པས་ཁྱོན་མི་གྲངས་ ༢༠༠ ཙམ་ལ་ཞབས་ཞུ་སྒྲུབ་མུས་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དང་བླངས་ལས་བྱེད་གྲངས་ ༡༥ ནས་ ༢༥ བར་གྱིས་དང་བླངས་ཐོག་ལས་ཀ་བྱེད་ཀྱི་ཡོད་ཅིང་། དེ་བཞིན་སྐད་ཡིག་འཛིན་གྲྭ་ཁག་དང་། སྒེར་ལ་དགེ་རྒན། གློག་ཀླད་འཛིན་གྲྭ་ཁག འཕྲོད་བསྟེན་དང་ཁོར་ཡུག་གོ་རྟོགས་ལས་གཞི། ཟས་བཅུད་ལྡན་པའི་སྤྱི་ཐབ། འཐུང་ཆུ་གཙང་མའི་ལས་གཞི། སྨན་དང་གྱོན་གོས་རིན་མེད་བགོ་འགྲེམས། བོད་དོན་དྲིལ་བསྒྲགས། བོད་ཀྱི་སྐད་ཡིག་དང་ལེགས་བྱང་དར་སྤེལ། ཨིན་ཡིག་དུས་དེབ་དཔར་སྐྲུན། དང་བླངས་གོ་སྐབས་དང་འབྲེལ་མཐུད། དཔེ་མཛོད་ཞབས་ཞུ་བཅས་ཚུད་ཡོད་པ་རེད།
གཞན་ཡང་ང་ཚོས་རྒྱལ་ཁབ་གང་ས་ནས་སློབ་ཕྲུག་ཚོག་ཁག་དང་ལྷན་རིག་གཞུང་བརྗེ་རེས་ཀྱི་ལས་ཞིག་སོགས་ཡོད་པ་མ་ཟད། དྷ་རམ་ས་ལར་ཕེབས་མཁན་དང་བླངས་བ་རྣམས་ལ་སྣེ་ལེན་དང་། རྒྱུས་སྟོན། ཁྱིམ་ཚང་གནས་སྡོད་སོགས་བཀོད་སྒྲིག་བྱེད་བཞིན་ཡོད།

ལས་རིམ་གྱི་ཕན་ཐོགས།

སྐད་ཡིག་འཛིན་གྲྭ་ཁག
འདི་ལོར་སྐད་ཡིག་འཛིན་གྲྭ་ཁག་ལ་གསར་དུ་ཐོ་འགོད་བྱེད་མཁན་སློབ་མ་གྲངས་ ༥༥༤ བྱུང་འདུག་པ་དང་། ཕྱི་ལོ་ ༢༠༠༦ ནས་ད་བར་སྐད་ཡིག་འཛིན་གྲྭ་ཁག་ལ་འཛུལ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༡༠་༨༧༢ བྱུང་ཡོད་པ་རེད། ཆ་སྙོམས་ཉིན་ལྟར་འཛིན་གྲྭར་ཡོང་མཁན་སློབ་མ་གྲངས་ ༡༧༩ ཙམ་ཡོད་ཅིང་། ང་ཚོས་བོད་ཡིག་འཛིན་གྲྭ་སླར་ཡང་འགོ་འཛུགས་བྱས་སྟབས་ད་ལྟའི་ཆར་ཉིན་ལྟར་འཛིན་གྲྭ་ཁག་ ༡༣ ཙམ་ཚུགས་བཞིན་ཡོད་པ་རེད།
Computer Classགློག་ཀླད་འཛིན་གྲྭ།
ཕྱི་ལོ་༢༠༡༥ ནང་གློག་ཀླད་སློབ་སྦྱོང་གནང་མཁན་ཁྱོན་སློབ་མ་གྲངས་ ༡༢༠ བྱུང་འདུག་པའི་ནང་ནས་སློབ་མ་ ༦༠ ལ་རིན་མེད་ཀྱི་སློབ་ཡོན་ཐོབ་ཡོད་པ་དང་། འདི་ལོར་དམིགས་བསལ་གྱིས་དུས་ཡུན་ཟླ་བ་གཉིས་རིང་ཁྱོན་སློབ་མ་ ༢༠ ཙམ་ལ་བོད་ཡིག་གི་དྲ་ཚིགས་བཟོ་སྟངས་སློབ་ཁྲིད་གོ་སྒྲིག་བྱས་ཡོད་པ་རེད།

དེབ་དང་གྱོན་གོས་བགོ་འགྲེམས།
ལྷའི་དང་བླངས་བ་དང་ཡུལ་སྐོར་བ་རྣམས་ཀྱིས་ཞལ་འདེབས་གནང་བའི་དེབ་དང་གྱོན་གོས་རྙིང་པ་གསོག་ཉར་གྱིས་དེ་དག་མཐུན་རྐྱེན་ཞན་པའི་གྲོང་གསེབ་ཏུ་མི་སྒེར་དང་སློབ་གྲྭ་ཁག་ལ་བགོ་འགྲེམས་བྱེད་ཀྱི་ཡོད་ཅིང་།
འདི་ལོར་ཁྱོན་གྱོན་ཆས་གྲངས་ ༤༥༠༠ ཙམ་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། གཏོང་ལེན་དགེ་རྩ་ཚོགས་པ་བརྒྱུད་རྒྱ་གར་གྱི་གྲོང་གསེབ་ཁག་ལ་ཞལ་འདེབས་སྤྲད་ཡོད་པ་རེད།

Clear and Dental Project 2015མིག་དང་སོའི་ལས་འཆར།
ལྷའི་རིན་མེད་མིག་བརྟག་དཔྱད་དང་མིག་ཤེལ་མཁོ་སྤྲོད་ཀྱི་ལས་འཆར་འོག འདི་ལོར་ཁྱོན་མི་གྲངས་ ༨༦ ཙམ་ལ་མིག་བརྟག་དཔྱད་དང་མིག་ཤེལ་གསར་བཟོ། སྨན་བཅོས་བཅས་བྱས་ཡོད་པ་དང་། དེ་བཞིན་སོ་གཙང་བཟོ་དང་བཟོ་བཅོས་ཀྱི་ལས་འཆར་འོག་ཁྱོན་མི་གྲངས་ ༡༢༥ ཙམ་ལ་རིན་མེད་སོ་གཙང་བཟོ་དང་སྨན་བཅོས་སོགས་བྱས་ཡོད་ཅིང་། གཙོ་བོ་དྷ་ས་དང་སྦིར་ཁུལ་དུ་བོད་མི་དང་ནང་ཆོས་སློབ་གཉེར་བྱེད་མཁན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གྲྭ་བཙུན་སོགས་ལ་རོགས་རམ་བྱས་ཡོད་པ་རེད།

Water Projectའཐུང་ཆུ་གཙང་བཟོའི་ལས་འཆར།
འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཆུ་ཚགས་འཕྲུལ་ཆས་གྲངས་ ༨ གསར་འཛུགས་ཀྱིས་ཁྱོན་མི་གྲངས་ ༣༥༠༠ ཙམ་ལ་འཐུང་ཆུ་གཙང་མ་ལོངས་སྤྱོད་དང་ཕན་ཐོགས་བྱུང་ཡོད་ཅིང་། ཆུ་ཚགས་འཕྲུལ་ཆས་གསར་འཛུགས་བྱེད་ཡུལ་ནི་བཙུན་དགོན་དང་། ས་གནས་རྒྱ་གར་དང་བོད་པའི་སློབ་གྲྭ་ཁག གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ། བོད་ཀྱི་དཔེ་མཛོད་ཁང་། བདེ་ལེགས་སྨན་ཁང་། བོད་མིའི་གཞིས་ཆགས་ཁག་བཅས་ཚུད་ཡོད་པ་རེད།

Soup Kitchen 2ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ།
ལྷའི་སྐྱབས་བཅོལ་བོད་མིའི་སྤྱི་ཐབ་ནས་ཉིན་ལྟར་ཁྱོན་མི་གྲངས་ ༥༠ ནས་ ༦༠ བར་ལ་བཅུད་ལྡན་གྱི་ཉིན་གུང་ཞལ་ལག་སྤྲོད་ཀྱི་ཡོད་ཅིང་། འདི་ལོར་སྤྱི་ཐབ་ཏུ་ཞལ་ལག་མཆོད་མཁན་གསར་པ་གྲངས་ ༦༩ དང་ཕྱི་ལོ་ ༢༠༡༡ ལོར་སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༣༣༠ ལ་ཕན་ཐོགས་བྱུང་ཡོད་པ་རེད།

འབྲེལ་གཏུགས་དུས་དེབ།
འབྲེལ་གཏུགས་དུས་དེབ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་དང་འབྲེལ་བའི་གནས་ཚུལ་ཨིན་ཡིག་ནང་འགྲེམས་སྤེལ་བྱེད་བཞིན་པའི་ཟླ་རེའི་དུས་དེབ་རྙིང་ཤོས་དང་ཁྱབ་ཆེ་ཤོས་གྲས་ཤིག་ཡིན་པ་དང་། འདི་ལོར་ཁྱོན་དུས་དེབ་གྲངས་ ༡༡༣༠༠ རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ལ་རིན་མེད་འགྲེམས་སྤེལ་བྱས་ཡོད་པ་དང་། དུས་དེབ་དེའི་ཐོག་འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་དང་བླངས་བ་མི་གྲངས་ ༦༧ གྱིས་བོད་པའི་སྐོར་གསར་འགྱུར་དང་ཆེད་སྒྲིག་རྩོམ་ཡིག་གྲངས་ ༡༥༡ ཙམ་སྤེལ་ཡོད་པ་དང་། འདི་ལོར་གསར་དུ་དུས་དེབ་མངག་ཉོ་ཐོ་འགོད་གནང་མཁན་གྲངས་ ༩༣ བྱུང་ཡོད།

Doctors from Lusianaམཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དྲ་ཚིགས་ཀྱི་ལས་འཆར།
བོད་ཀྱི་སྐད་ཡིག་དང་ལེགས་བྱང་གཅེས་སྲུང་གི་ལས་འཆར་འོག ཡིག་ངག་གཉིས་ཐོག་ནས་ཡོད་པའི་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་སློབ་གསུང་བཤད། གསུང་རྩོམ། སྒྲ་ལྡན་གསུང་བཤད། སྐུ་པར་དང་བརྙན་པར་སོགས་བསྡུ་རུབ་ཀྱིས་གང་ཉིད་ཀྱི་དྲ་ཚིགས་ཐོག་འགོད་སྤེལ་བྱེད་མུས་ཡིན་སྟབས། ཆ་སྙོམས་ཟླ་རེར་ལྟ་ཀློག་བྱེད་མཁན་གྲངས་༡༠༠༠༠ ལྷག་ཙམ་ཆགས་ཀྱི་ཡོད་པ་རེད།
འདི་ལོར་དྲ་ཚིགས་ཐོག་བོད་ཡིག་གི་གསར་འགྱུར་དང་བཀའ་སློབ་གསུང་བཤད་ཀྱི་རྩོམ་ཡིག་གྲངས་ ༤༤ དང་ཨིན་ཡིག་ནང་རྩོམ་ཡིག་གྲངས་ ༣༠ སྒྲ་ལྡན་གསུང་བཤད་གྲངས་ ༡༦༢ བརྙན་པར་གྲངས་ ༨ པར་རིས་གྲངས་ ༡༧༠ དྲ་ཐོག་གསར་དུ་འགོད་སྤེལ་བྱས་ཡོད། གསུང་རྩོམ་དེ་དག་ནི་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། ལེགས་བྱང་། ནང་ཆོས་སོགས་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་ཞིབ་འཇུག་གི་གལ་ཆེའི་རྒྱུ་ཆ་ཆགས་ཡོད་པ་རེད།
ད་དུང་བོད་ཨིན་གཉིས་ནང་ཡོད་པའི་རྩོམ་ཡིག་ཁྱོན་ཤོག་གྲངས་ ༥༠༠ ཙམ་ཞུ་དག་བྱེད་མུས་ཡིན་པ་དང་། གནས་ཚུལ་ཞིབ་ཕྲ་www.samdhongrinpoche.com ཞེས་པའི་དྲ་ཚིགས་འདིའི་ཐོག་ནས་གཟིགས་རོགས།

World Environment Dayཁོར་ཡུག་དང་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་ལས་འཆར།
ལྷའི་ཁོར་ཡུག་དང་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་ལས་འཆར་འོག དྷ་ས་ཁོར་ཡུག་གཙང་བཟོའི་ལས་ཁུངས་དང་འབྲེལ་ཡོད་ཚོགས་སྡེ་དང་མཉམ་འབྲེལ་གྱིས་འདི་ལོར་དྷ་ས་མེ་གྷན་ཁུལ་དུ་ཁོར་ཡུག་གཙང་བཟོ་ཐེངས་གསུམ་དང་འཛམ་གླིང་ཁོར་ཡུག་ཡིན་མོ་སྲུང་བརྩི་བྱས་ཡོད་པ་དང་། དེ་བཞིན་ལྷའི་སློབ་ཕྲུག་དང་སློབ་གྲྭ་གཞན་ཁག་ཅིག་ལ་གཉན་ནད་རེག་དུག་སྐོར་གོ་རྟོགས་གཏམ་བཤད་ཐེངས་གཉིས་དང་། མཆིན་པའི་གཉན་ཚད་ཁ་པའི་སྐོར་གོ་རྟོགས་གཏམ་བཤད་ཐེངས་གཅིག་བཅས་གོ་སྒྲིག་བྱས།
འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། བདེ་ལེགས་སྨན་ཁང་གཉིས་དང་མཉམ་འབྲེལ་གྱིས་གཞི་རྒྱ་ཆེ་བའི་གཉན་ནད་རེག་དུག་སྐོར་ལས་འགུལ་དང་། གོ་རྟོགས་འཁྲབ་སྟོན། རིན་མེད་ཀྱི་ཁྲག་བརྟག་དཔྱད། དེ་བཞིན་གོ་རྟོགས་ཡིག་ཆ་འགྲེལ་སྤེལ་བཅས་བྱས།
འདི་ལོར་ང་ཚོའི་ཁོར་ཡུག་གི་དྲ་ཚིགས་www.tibetnature.net ཞེས་པའི་བོད་ཡིག་དྲ་ཚིགས་ཐོག་འཛམ་གླིང་གི་ཁོར་ཡུག་གི་གནས་ཚུལ་སྤྱི་དང་སྒོས་སུ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་གསར་པ་གྲངས་ ༤༢ སྤེལ་ཡོད་པ་དང་། དེ་བཞིན་ཁོར་ཡུག་སྐོར་གྱི་ཨིན་ཡིག་དྲ་ཚིགས་ཐོག་ཁྱོན་རྩོམ་ཡིག་གསར་པ་གྲངས་ ༥༡ ཙམ་སྤེལ་ཡོད་པ་རེད།

Exchange Groupརིག་གཞུང་བརྗེ་རེས་ཀྱི་ལས་རིམ།
འདི་ལོར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་ལྷན་ཁྱོན་ཚོ་ཁག་གྲངས་ ༡༤ ཙམ་དང་རིག་གཞུང་བརྗེ་རེས་བྱས་ཤིང་། དེའི་ནང་རཱ་སི་ཊི་ཁི་པཱ་ཐི་ཝེ(Rustic Pathways)ཡི་ཚོ་ཁག་ ༧ དང་། ལའེ་ཧྥུ་ཝོར་ཁེ་(Lifework)ཡི་ཚོ་ཁག་ ༢ (Tulane University)ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་ཚོ་ཁག་ ༢ སན་ཏི་ནཱ་རེ་མཐོ་རིམ་སློབ་གཉེར་ཁང་(Centenary College )དང་ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་(Loyola University)གཉིས་ནས་ཚོ་ཁག་རེར། དེ་བཞིན་ཨ་རི་ནས་ཆེད་ལས་སྨན་པ་(professional medical practitioners)ཡི་ཚོ་ཁག་གཉིས་བཅས་ཚུད་ཡོད་པ་དང་། ཚོ་ཁག་དེ་དག་ལས་རིག་གཞུང་བརྗེ་རེས་གནང་མཁན་ཁྱོན་མི་གྲངས་ ༢༡༠ ཙམ་ཆགས་ཡོད་པ་རེད།

གཟེངས་རྟགས།
འདི་ལོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤེ་ཡའི་ནང་གཞུང་འབྲེལ་མིན་པའི་ཚོགས་པའི་ནང་ནས་<<དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་>>གྱི་གཟེངས་རྟགས་ཨང་དང་པོ་དེ་ཐོབ་ཡོད་པ་རེད།
མཛད་སྒོ་དེ་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༩ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་རང་བྱུང་བསྟི་གནས་ཁང་དུ་ཚུགས་ཤིང་། ཐོག་མའི་སྡེ་ཚན་མི་འདྲ་བ་དྲུག་གི་འོས་གཞི་ནང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་རྒྱ་གར་དང་། བལ་ཡུལ། པཱ་ཀི་སི་ཐན། ཨ་ཧྥ་གྷན་ནི་སི་ཐན། བྷང་ལ་དྷི་ཤི། འབྲུག སིང་གྷ་ལ། མལ་ཌེ་ཝས་བཅས་རྒྱལ་ཁབ་བརྒྱད་ཀྱི་ནང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གྲངས་ ༢༢༥ ནང་སླེབས་ཡོད་པ་དང་། <<དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་>>ཞེས་པའི་སྡེ་ཚན་དེའི་རྟིང་རྩོད་ནང་ཚོགས་པ་གྲངས་ ༧༠ ཡི་ནང་ནས་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།

Jampaling Old Ages Homeབྱམས་པ་གླིང་རྒས་གསོང་ཁང་ལ་དམིགས་བསལ་ལས་གཞི་ལག་བསྟར།
ཚོགས་པས་གོ་སྒྲིག་འོག་འདི་ལོར་ཝི་ཏི་ནམ་མི་རིགས་ཡིན་པ་ཁེ་ན་ཌར་གནས་སྡོད་སྨན་པ་ཌོང་གྷོ་ཊི་རན་ (Dr Dong Giao Tran) ལགས་དང་། ཁོང་གི་སྐུ་ཟླ་སན་ཧ་ཧེ་ནུ་ཡན་(Sanh Hy Nyuyen)ལགས།
དེ་བཞིན་ཨ་རིར་གནས་སྡོད་བཙུན་མ་ཨུ་ཡན་ཊི་རན་ཧ་(Uyen Trinh)བཅས་ནས་དང་བླངས་འོག ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་གྲངས་ ༥༠ དང་། གཞན་བོད་མི་ ༣༠ ཙམ་བཅས་ཁྱོན་མི་གྲངས་ ༨༠ ཙམ་ལ་སྐམ་ཁབ་བརྒྱབ་ནས་རིན་མེད་སྨན་བཅོས་བྱས་ཡོད།
སྨན་པ་ཌོང་གྷོ་ཊི་རན་ལགས་དང་ཁོང་གི་གྲོགས་མོ་ནས་བྱམས་པ་གླིང་རྒས་གསོ་ཁང་གི་དགོས་ངེས་ཅན་གྱི་རྒས་འཁོགས་གྲངས་༢༥ལ་ངར་ལྕགས་ཀྱི་ཚ་དམ་སྤུས་ལེགས་རེ་དང་། རྒས་གསོ་ཁང་གི་ཉལ་ཁང་ཁག་ལ་སྒོ་ཡོལ་གྲངས་ ༡༢༥ དང་སྒེའུ་ཁུང་གི་རས་གྲངས་ ༡༧༥ དེ་བཞིན་རྒྱུ་སྤུས་ལེགས་པའི་སྲིན་བལ་ཉལ་གོས་གྲངས་ ༡༣༠ བཅས་བགོ་འགྲེམས་བྱས་ཡོད་པ་མ་ཚད། རྒས་འཁོགས་ལས་བྱེད་དང་བཅས་པར་ལག་དངུལ་ཧིན་སྒོར་ ༥༠༠ རེ་རོགས་རམ་བྱེད་ཐུབ་པ་བྱུང་ཡོད་པ་རེད།

Education Talkཕ་མ་དང་སློབ་ཕྲུག་ཚོར་སློབ་གསོའི་ལམ་སྟོན་གཏམ་བཤད་གོ་སྒྲིག
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔེ་སྟོན་སློབ་གྲྭའི་དགེ་རྒན་དང་ཕ་མའི་ཚོགས་ཆུང་དང་དྷ་ས་ཉིན་སློབ་གི་ཕ་མའི་ཚོགས་ཆུང་བཅས་དང་མཉམ་འབྲེལ་གྱིས་གོ་སྒྲིག་འོག ལྷའི་དང་བླངས་ལས་བྱེད་སྔོན་མ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྒྱལ་མཚན་ལགས་ནས་དྷ་ས་ཉིན་སློབ་ཏུ་ཕ་མ་ཚོས་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་སྟངས་སྐོར་གཏམ་བཤད་སྤེལ་ཡོད་པ་དང་། དེ་བཞིན་ལྷས་གོ་སྒྲིག་འོག་རྒྱལ་མཚན་ལགས་ནས་སུ་ཇ་བོད་ཁྱིམ་སློབ་གྲྭའི་ནང་ལ་ཁྱོན་སློབ་མ་ ༣༥༠ ཙམ་ལ་བསམ་བློ་འཁྱེར་སོ་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་བྱས་ཡོད་པ་རེད།

World AIDS dayགཉན་ནད་རེག་དུག་སྐོར་ཟབ་སྦྱོང་ལ་མཉམ་ཞུགས།
འདི་ལོར་ལྷའི་ཁོར་ཡུག་དང་འཕྲོད་བསྟེན་ལས་བྱེད་དྲི་མེད་ཚེ་རིང་ལགས་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་ཅི་ནའེ་ཡེ་ཤུའི་གསོ་རིག་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག ཉིན་ ༤ རིང་གི་གཉན་ནད་རེག་དུག་སྐོར་ཟབ་སྦྱོང་དེར་མཉམ་ཞུགས་བྱས་པ་དང་། སྐབས་དེར་སྨན་ཁང་དང་ཚོགས་སྡེ་ཁག་འདྲ་མིན་ནས་ཁྱོན་མི་གྲངས་ ༢༠ ཙམ་ཟབ་སྦྱོང་དེར་མཉམ་ཞུགས་བྱས་ཡོད་པ་རེད།

སྨན་བཅོས་ལས་གཞི།
འདི་ལོར་ལྷས་མཐུན་འགྱུར་རོགས་རམ་འོག་ཁྱོན་མི་གྲངས་ ༢༤༨ ཙམ་གྱི་གཟུགས་པོའི་འཕྲོད་བསྟེན་བརྟག་དཔྱད་དང་། གློག་དཔར་བརྒྱབ་པ། ཁྲག་དང་གཅིན་པ་བརྟག་དཔྱད་བཅས་བྱས་པ་དང་། ཁྱོན་མི་གྲངས་ ༩༢ ཙམ་ལ་སྨན་སྦྱིན་བཏང་ཡོད་པ་རེད།

ཚོགས་པའི་དངུལ་རྩིས་སྐོར།
ལྷའི་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ལོའི་ལོ་འཁོར་དངུལ་རྩིས་རྒྱ་གར་གཞུང་གི་དཔྱ་ཁྲལ་གྱི་ཁྲིམས་ཡིག་ Tax Act 1961, Govt ཡི་དོན་ཚན་ 12A (b) ཡི་རྩིས་ཞིབ་སྙན་ཐོ་ལྟར་ན། འདི་ལོར་སྤྱི་ཡོངས་ཀྱི་ཡོང་འབབ་ཧིན་སྒོར་ 9,938,974(ཨ་སྒོར་ $155,296.5) དང་། ཁྱོན་འགྲོ་སོང་ཧིན་སྒོར་ 8,306,519(ཨ་སྒོར་ $13,8442) ཆགས་ཡོད་པ་དང་། དེའི་ནང་འཛིན་སྐྱོང་ཆེད་འགྲོ་སོང་ཧིན་སྒོར་ 3,710,575(ཨ་སྒོར་ $61,843) དང་། ལས་འཆར་ཁག་ལ་ཧིན་སྒོར་ 4,595,944(ཨ་སྒོར་ $71,811.63)བཅས་ཆགས་ཡོད།

ཞལ་འདེབས།
ཚོགས་པའི་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་དང་། སློབ་ཕྲུག་དང་དང་བླངས་བ་ཚོར་ལྷའི་ཞི་བའི་ཚལ་དུ་གནས་སྡོད་གོ་སྒྲིག་སོགས་ཀྱི་ཡོང་སྒོ་ལ་བརྟེན་ནས་ཚོགས་པའི་ཉིན་རེའི་ལས་འཆར་ཁག་རང་ཁ་རང་གསོ་ལྟ་བུ་ཆགས་ཡོད་ཅིང་། དཔེར་ན་སྐད་ཡིག་འཛིན་གྲྭ་ཁག་དང་གློག་ཀླད་འཛིན་གྲྭ། གཞན་ཡང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་མང་པོ་ཞིག་རོགས་དངུལ་མེད་པའི་ལག་བསྟར་ཐུབ་ཀྱི་ཡོད་ཀྱང་། གལ་ཆེའི་ལས་འཆར་གཞན་ཁག་ཅིག་ཡར་རྒྱས་དང་ལག་བསྟར་བྱེད་པར་གཏོང་ཕོད་ཆེ་བའི་རོགས་ཚོགས་དང་མི་སྒེར་སོགས་ཀྱིས་རྒྱབ་སྐྱོར་མེད་ཐབས་མེད་པ་ཆགས་ཡོད་ལ། དགོས་ངེས་ཅན་གྱི་ལས་འཆར་ཁག་དེ་དག་ནི་སྤྱི་ཐབ་དང་། འབྲེལ་གཏུགས་དུས་དེབ། འཐུང་ཆུ་གཙང་བཟོ། མིག་དང་སོ་སྨན་བཅོས། འཕྲོད་བསྟེན་དང་ཁོར་ཡུག་ལས་འགུལ་སོགས་ཚུད་ཡོད་པ་རེད།

Valutters Gatheringཐུགས་རྗེ་ཆེ།
ལུའུ་ཛི་ཨ་ན་ཧི་མ་ལ་ཡའི་ཚོགས་པ་དང་། ཐུ་ལན་གཙུག་ལག་སློབ་གཉེར་ཁང་། བོད་ཀྱི་ཐེབས་རྩ། ཐའེ་ཝན་མང་གཙོ་ཐེབས་རྩ། སུད་སི་བོད་ཀྱི་གྲོགས་པོ་ཚོགས་པ། ཨ་རི་དང་ཁེ་ན་ཌ་གནས་སྡོད་ཝི་ཏི་ནམ་གྱི་ཆོས་པ། ཨ་རིའི་ཨ་ཕོ་ཁོལ་ཕི་སི་ཀེ་རེའུ་(Apocolypse Krew)ཚོགས་པ། ལའེ་ཧྥུ་ཝོར་ཁེ་ཚོགས་པ། རཱ་སི་ཊི་ཁི་པཱ་ཐི་ཚོགས་པ། ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་། སན་ཊི་ནཱ་རེ་མཐོ་རིམ་སློབ་གཉེར་ཁང་། གཞན་ཡང་མི་སྒེར་དང་ཚོགས་སྡེ་ཁག་བཅས་ལ་ང་ཚོའི་ལས་འཆར་ཁག་གི་ཁེ་ཕན་ཐོབ་མཁན་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཁྱེད་ཚོའི་རྒྱབ་སྐྱོར་དང་མཉམ་ལས་མེད་ན་ང་ཚོའི་ལས་འཆར་ཁག་ལམ་ལྷོང་དང་འདི་ལྟ་བུའི་གྲུབ་འབྲས་ཤིག་ཐོན་མི་ཐུབ་པས་སླར་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

Award 2015ཕྱི་ལོ་ ༢༠༡༥ ལོའི་ལྷའི་ལས་དོན་གྲུབ་འབྲས།

  • ཟླ་རེའི་གྲངས་འབོར་ལྟར་ན་འདི་ལོར་སྐད་ཡིག་འཛིན་གྲྭ་ཁག་ལ་ཞུགས་མཁན་ཁྱོན་སློབ་མ་གྲངས་ ༢་༠༤༣ བྱུང་།
  • སྐད་ཡིག་འཛིན་གྲྭ་ཁག་ལ་གསར་ཞུགས་སློབ་མ་གྲངས་ ༥༥༤ བྱུང་།
  • གློག་ཀླད་ཀྱི་རྨང་གཞི་དང་འབྲིང་རིམ་འཛིན་གྲྭར་ཞུགས་མཁན་ཁྱོན་སློབ་མ་གྲངས་ ༡༢༠ བྱུང་།
  • ས་གནས་རྒྱ་གར་བ་དང་བོད་མི་སྐྱབས་བཅོལ་བ་རྣམས་ལ་གྱོན་གོས་གྲངས་ ༤༥༠༠ ཙམ་རིན་མེད་དུ་སྤྲད།
  • ཉིན་ལྟར་མི་གྲངས་ ༥༠ ནས་ ༦༠ བར་ལ་ཞལ་ལག་སྤྲོད་ཀྱི་ཡོད་པ་ལྟར་འདི་ལོར་ཁྱོན་ཞལ་ལག་ཐོ་འགོད་བྱེད་མཁན་གསར་པ་མི་གྲངས་ ༦༩ བྱུང་འདུག
  • ཁྱོན་མི་གྲངས་ ༨༦ ལ་རིན་མེད་མིག་བརྟག་དཔྱད་དང་། མི་གྲངས་ ༨༥ ལ་རིན་མེད་མིག་ཤེལ་བཟོས།
  • ཁྱོན་མི་གྲངས་ ༡༢༥ ལ་རིན་མེད་དུ་སོ་བརྟག་དཔྱད་དང་ཀོང་རྒྱོངས། གཙང་བཟོ་སོགས་བྱས་ཡོད།
  • གཉན་ནད་རེག་དུག་སྐོར་གོ་རྟོགས་ལས་འགུལ་དང་ཁྱོན་མི་གྲངས་ ༡༣༠༠ ཙམ་ལ་རིན་མེད་སྲུང་ཤུབ་དང་། གོ་རྟོགས་ཡིག་ཆ་འགྲེམས་སྤེལ་བྱས།
  • འཛམ་གླིང་ཁོར་ཡུག་ཉིན་མོ་ཁོར་ཡུག་གཙང་བཟོ་དང་འབྲེལ་ཁྱོན་མི་གྲངས་ ༢༡༠༠ ཙམ་ལ་ཁོར་ཡུག་གི་གལ་གནད་སྐོར་གོ་རྟོགས་སྤེལ་ཡོད།
  • ཁྱོན་སློབ་མ་ ༡༠༡ ཙམ་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ RC དུས་འགྱང་སོགས་ཀྱི་ཆེད་བོད་ནས་གསར་དུ་འབྱོར་བ་ཡིན་པ་དང་། ཤེས་ཡོན་གྱི་སྡེ་ཚན་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་སྤྲད་ཡོད།
  • ཁྱོན་རྒྱལ་སྤྱིའི་དང་བླངས་བ་མི་གྲངས་ ༥༤༣ ཙམ་ལ་ལས་ཀ་བཀོད་སྒྲིག་དང་ཁོང་ཚོས་འདི་ག་ཚོགས་པའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་ལ་ནུས་པ་གང་ལེགས་བཏོན་ཡོད།
  • ཕྱི་རྒྱལ་གྱི་ཚོགས་སྡེ་ཁག་ ༡༢ དང་རིག་གཞུང་བརྗེ་རེས་བྱས་པ་བརྒྱུད། རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་མཉམ་ཞུགས་གནང་མཁན་སློབ་མ་སོགས་ཁྱོན་མི་གྲངས་ ༢༡༠ བྱུང་འདུག
  • ཟླ་བ་རེར་འབྲེལ་གཏུགས་དུས་དེབ་གྲངས་ ༧༠༠ ནས་ ༡༠༠༠ བར་འགྲེམས་སྤེལ་གྱིས་ལོ་གཅིག་ནང་ཁྱོན་འབྲེལ་གཏུགས་དུས་དེབ་གྲངས་ ༡༡་༣༠༠ ཙམ་རིན་མེད་འགྲེམས་སྤེལ་བྱས།
  • ས་གནས་རྒྱ་གར་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཉིས་ནང་ཆུ་ཚགས་འཕྲུལ་ཆས་གྲངས་ ༨ རིན་མེད་གསར་འཛུགས་བྱས་པ་བརྒྱུད། ཁྱོན་མི་གྲངས་ ༣་༩༠༠ ཙམ་གྱིས་འཐུང་ཆུ་གཙང་མ་ལོངས་སྤྱོད་ཐུབ་པ་བྱུང་ཡོད།
  • ཤེས་ཡོན་སློབ་གསོའི་གཏམ་བཤད་ཁག་གཉིས་གོ་སྒྲིག་འོག ཕ་མ་དང་སློབ་མ་སོགས་ཁྱོན་མི་གྲངས་ ༣༥༠ ཙམ་མཉམ་ཞུགས་གནང་ཡོད།
  • དུས་ཡུན་བདུན་ཕྲག་གཉིས་རིང་ཁྱོན་མི་གྲངས་ ༨༠ ཙམ་ལ་སྐམ་ཁབ་སོགས་བརྒྱབ་ནས་རིན་མེད་སྨན་བཅོས་བྱས་ཡོད།
  • ཁྱོན་མི་གྲངས་ ༢༤༨ ལ་ཁྲག་དང་བཙོག་གཅིན་བརྟག་དཔྱད་དང་། གློག་དཔར་སོགས་རིན་མེད་སྨན་བཅོས་དང་སྨན་སྦྱིན་བྱས་ཡོད།
  • ཕྱི་ལོ་ ༢༠༠༣ ནས་ ༢༠༡༤ བར།
  • སྐད་ཡིག་འཛིན་གྲྭ་ཁག་ལ་སློབ་སྦྱོང་གནང་མཁན་ཁྱོན་སློབ་མ་གྲངས་ ༡༠་༨༧༢ བྱུང་ཡོད།
  • གློག་ཀླད་འཛིན་གྲྭར་སློབ་སྦྱོང་བྱེད་མཁན་ཁྱོན་སློབ་མ་གྲངས་ ༢་༨༦༨ བྱུང་ཡོད།
  • རྒྱལ་སྤྱི་ནས་རིག་གཞུང་བརྗེ་རེས་ཀྱི་ལས་རིམ་ནང་ཞུགས་མཁན་ཁྱོན་སློབ་མ་གྲངས་ ༡་༤༣༩ བྱུང་ཡོད།
  • འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༣ ནས་དང་བླངས་བ་མི་གྲངས་ ༦་༨༣༤ ཙམ་བྱུང་ཡོད།
  • བོད་པའི་སློབ་གྲྭ་དང་ས་གནས་རྒྱ་གར་གྱི་སློབ་གྲྭ་སོགས་ཤེས་ཡོན་སྡེ་ཚན་ཁག་ལ་ཁྱོན་དེབ་གྲངས་ ༣༣་༣༤༠ ཙམ་རིན་མེད་དུ་ཕུལ་ཡོད།
  • སྤྱི་ཚོགས་ཞབས་ཞུ་དང་དགེ་རྩ་ཚོགས་པ་ཁག་བརྒྱུད་ཁྱོན་གྱོན་གོས་གྲངས་ ༣༦་༢༠༠ ཙམ་དཀའ་ངལ་ཡོད་པའི་མི་མང་ལ་བགོ་འགྲེམས་བྱས་ཡོད།
  • འཕྲོད་བསྟེན་དང་འཐུང་ཆུ་གཙང་བཟོའི་ལས་འཆར་འོག ཁྱོན་ཆུ་ཚགས་འཕྲུལ་ཆས་གྲངས་ ༢༤ གསར་འཛུགས་བྱས་པས་ཁྱོན་མི་གྲངས་ ༡༣་༩༠༠ ཙམ་ལ་ཕན་ཐོགས་བྱུང་ཡོད།
  • མིག་སྨན་བཅོས་ལས་འཆར་འོག ཁྱོན་མི་གྲངས་ ༤༥༣ ཙམ་ལ་རིན་མེད་མིག་བརྟག་དཔྱད་དང་ཁྱོན་མི་གྲངས་ ༣༤༣ ལ་རིན་མེད་མིག་ཤེལ་བཟོས་ཡོད།
  • སོའི་ལས་འཆར་འོག ཁྱོན་མི་གྲངས་ ༥༤༠ ཙམ་གྱི་སོ་བརྟག་དཔྱད་གཙང་བཟོ་སོགས་བྱས་ཡོད།
  • ཕྱི་ལོ་ ༢༠༠༩ ནས་ཁྱོན་འབྲེལ་གཏུགས་དུས་དེབ་གྲངས་ ༦༩་༢༠༠ རིན་མེད་འགྲེམས་སྤེལ་བྱས་ཡོད།
  • ཁྱོན་མི་གྲངས་ ༡༦༩ ལྷའི་ཕུར་མཉེ་སྦྱོང་བརྡར་འཛིན་གྲྭ་ནས་སློབ་ཐོན་བྱུང་ཡོད།
  • ཁྱོན་མི་གྲངས་ ༦༧ ལྷའི་པར་ལེན་སྒྱུར་རྩལ་སྦྱོང་བརྡར་འཛིན་གྲྭ་ནས་སློབ་ཐོན་བྱུང་ཡོད།
  • ལྷའི་སྤྱི་ཐབ་ནས་ཉིན་ལྟར་ཁྱོན་མི་གྲངས་ ༥༠ ནས་ ༦༠ བར་ལ་ཁ་ལག་སྤྲོད་བཞིན་པ་ལྟར་ཕྱི་ལོ་ ༢༠༡༡ ལོ་སྤྱི་ཐབ་སྒོ་ཕྱེས་པ་ནས་བཟུང་ད་བར་ཞལ་ལག་མཆོད་མཁན་ཁྱོན་མི་གྲངས་ ༣༣༠ བྱུང་འདུག
  • རྒྱ་གར་གཞུང་གི་ཆ་རྐྱེན་ལྟར་ཁྱོན་སློབ་ཕྲུག་གྲངས་ ༧༢༣ ལ་བོད་ནས་གསར་དུ་འབྱོར་བ་དང་ལྷའི་སྐད་ཡིག་འཛིན་གྲྭ་ཁག་ལ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ངོ་སྤྲོད་རྒྱབ་གཉེར་སྤྲད་ཡོད།
  • ཕྱི་ལོ་ ༢༠༡༥ ལོར་ཕ་མ་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༥༠ ཙམ་ལ་ཤེས་ཡོན་སློབ་གསོ་སྐོར་གོ་རྟོགས་གཏམ་བཤད་སྤེལ་ཡོད།
  • ཕྱི་ལོ་ ༢༠༡༥ ལོར་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་གྲངས་ ༡༣༠ ལ་སྨན་བཅོས་དང་། ཚ་དམ། ཉལ་ཆས་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད།

ལྷའི་ལོ་འཁོར་ལས་བསྡོམས་ཞིབ་ཕྲ།

  • ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༩ ཉིན་སྐུ་ཞབས་ཌོ་གྷ་ལཱ་སི་བྷིར་ལགས་ཀྱི་སྣེ་ཁྲིད་པའི་ཧྥོ་སི་བྷུ་གྷལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༥ ཉིན་དྷ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཆུ་ཚགས་འཕྲུལ་ཆས་ཐེངས་ ༡༧ པ་གསར་འཛུགས་བྱས་པ་དང་། བཙུན་དགོན་དེའི་ནང་ཁྱོན་བཙུན་མ་གྲངས་་༡༧༠ ཙམ་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༦ ཉིན་དྷ་རམ་ས་ལ་རོ་ཊ་རེ་སྤྱི་ཚོགས་ཞབས་ཚུ་ཚོགས་པ་བརྒྱུད་གྱོན་གོས་གྲངས་ ༡༠༠༠ ཞལ་འདེབས་སྤྲད།
  • ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༢ ཉིན་ཏེ་འཛམ་གླིང་ཆུའི་ཉིན་མོར་རྒྱ་གར་བྱང་ཕྱོགས་དྷེ་ར་རྡུན་བདེ་སྐྱིད་གླིང་སཾ་བྷོ་ཊ་སློབ་གྲྭའི་ནང་ཆུ་ཚགས་འཕྲུལ་ཆས་ཐེངས་ ༡༨ པ་དེ་གསར་འཛུགས་བྱས་པ་དང་། སློབ་གྲྭ་དེའི་ནང་སློབ་མ་གྲངས་ ༡༧༩ དང་དགེ་ལས་གྲངས་ ༣༠ ཙམ་བཅས་ཁྱོན་མི་གྲངས་ ༢༠༩ ཙམ་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༤ པའི་ནང་ལྷའི་དང་བླངས་ལས་བྱེད་ཚན་རིག་པ་དང་ཞིབ་འཇུག་པ་ཇོ་ཧཱ་ནཱ་གྷ་ཊི་ནར་ Johanna Gartner ལགས་ཀྱིས་ལྷའི་འཐུང་ཆུ་གཙང་བཟོའི་ལས་འཆར་གྱི་ཕན་ནུས་སྐོར་ཞིབ་འཇུག་དང་། སློབ་གྲྭ་ཁག་མི་འདྲ་བ་ ༡༥ ཙམ་གྱི་དགེ་ལས་དང་སློབ་ཕྲུག་གྲངས་ ༡༨༣ ཙམ་ལ་འཐུང་ཆུ་གཙང་བཟོའི་སྐོར་རྒྱུས་སྟོན་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༩ ཉིན་བདེ་ལེགས་སྨན་ཁང་དུ་ལྷའི་ཆུ་ཚགས་འཕྲུལ་ཆས་ཐེངས་ ༡༩ པ་གསར་འཛུགས་བྱས་པ་དང་། སྨན་ཁང་ནང་སྨན་ལས་གྲངས་ ༤༡ དང་། ནད་པ་དང་ཉིན་ལྟར་སྨན་པར་བསྟེན་གཏུགས་བྱེད་མཁན་མི་གྲངས་ ༦༠ ཙམ་ཆགས་ཀྱི་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༠ ཉིན་ལྷས་ཨ་རིའི་སན་ཊི་ནཱ་རེ་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་དང་རིག་གཞུང་བརྗེ་རེས་འགོ་འཛུགས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་ལྷས་གྱོན་གོས་གྲངས་ ༢༠༠༠ ཙམ་གཏོང་ལེན་དགེ་རྩ་ཚོགས་པར་ཞལ་འདེབས་ཕུལ།
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༦ ཉིན་ལྷས་ཨ་རིའི་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༠ ཉིན་ལྷས་ཆུ་ཚགས་འཕྲུལ་ཆས་ཐེངས་ ༢༠ པ་བོད་ཀྱི་དཔེ་མཛོད་ཁང་དུ་གསར་འཛུགས་བྱས་པ་དང་། དཔེ་མཛོད་ཁང་དུ་ལས་བྱེད་གྲངས་ ༩༥ དང་། སློབ་མ་གྲངས་ ༣༠༠ ཙམ། ཉིན་ལྟར་དཔེ་དེབ་བལྟ་ཀློག་ཆེད་ཕེབས་མཁན་འགྲུལ་པ་གྲངས་ ༢༠ ཙམ་ཆགས་ཀྱི་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༩ ཉིན་ལྷས་དྷ་ས་ཁོར་ཡུག་ལས་ཁུངས་དང་། Tibetan Footpath Association དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་དང་མཉམ་འབྲེལ་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུངས་གྲངས་ ༨༠ བཞེས་པའི་སྐུའི་གྱ་སྟོན་ལ་དགའ་གུས་ཞུ་ཆེད་དྷ་ས་ཁུལ་དུ་ཁོར་ཡུག་གཙང་བཟོ་བྱས་པ་དང་། སློབ་ཕྲུག་དང་དང་བླངས་བ་བཅས་ཁྱོན་མི་གྲངས་ ༡༣༠ ཙམ་མཉམ་ཞུགས་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༠ ཉིན་ལྷས་རཱ་ས་ཊི་ཁི་པཱ་ཐི་ཝེ་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༧ ཉིན་ལྷའི་དང་བླངས་བ་ཨི་ལན་བྷར་མི་སི་ Ellen Vermes ལགས་ནས་ལྷའི་སྐད་ཡིག་འཛིན་གྲྭའི་སློབ་མ་རྣམས་ལ་གཉན་ནད་རེག་དུག་སྐོར་གོ་རྟོགས་གཏམ་བཤད་སྤེལ་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༣༠ ཉིན་ལྷའི་སློབ་ཕྲུག་དང་ལའེ་ཧྥུ་ཝོར་ཁི་དབར་(Life Work) ཕན་ཚུན་སློབ་སྦྱོང་དང་གོ་རྟོགས་སྤེལ་རེས་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༤ ཉིན་ལྷས་རཱ་སི་ཊི་ཁི་པཱ་ཐི་ཝེ་དང་ལྷན་དུ་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ནས་ ༢༧ བར་ལྷས་མེ་ཁལ་(Micheal)ལགས་ཀྱིས་སྣེ་ཁྲིད་གནང་བའི་ཨ་རིའི་ལོ་ཡོ་ལཱ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁག་ཅིག་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༣ ཉིན་ལྷས་རཱ་སི་ཊི་ཁི་པཱ་ཐི་ཝེའི་ཚོ་ཁག་ཞིག་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༨ ཉིན་ལྷས་རཱ་སི་ཊི་ཁི་པཱ་ཐི་ཝེའི་ཚོ་ཁག་གཞན་ཞིག་དང་རིག་གཞུང་བརྗེ་རེས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ ཉིན་ནས་ལྷས་ལའེ་ཧྥུ་ཝོར་ཁི་དང་ལྷན་དུ་ཉིན་གྲངས་ ༡༠ རིང་རིག་གཞུང་བརྗེ་རེས་སོགས་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༤ ཉིན་ལྷས་རཱ་སི་ཊི་ཁི་པཱ་ཐི་ཝེའི་ཚོ་ཁག་དང་རིག་གཞུང་བརྗེ་རེས་ཐེངས་ ༥ པ་དེ་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༨ མཆིན་པའི་གཉན་ཚད་སྲུང་བརྩི་ཉིན་མོར་ལྷའི་སྐད་ཡིག་འཛིན་གྲྭ་ཁག་གི་སློབ་མ་རྣམས་ལ་མཆིན་པའི་གཉན་ཚད་ཁ་པའི་སྐོར་གོ་རྟོགས་གཏམ་བཤད་སྤེལ་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན་གངས་སྐྱིད་སྤྱི་ཐབ་ཏུ་ཆུ་ཚགས་འཕྲུལ་ཆས་མི་འདྲ་བ་ཁག་གཉིས་གསར་འཛུགས་བྱས་པ་དང་། རྒྱུན་དུ་སྤྱི་ཐབ་ནང་ཞལ་ལག་མཆོད་མཁན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གྲངས་ ༣༠༠ ཙམ་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ལ་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་བརྒྱད་ནང་ནས་<<དྲ་ཚིགས་དང་དྲ་བའི་ཡོ་བྱད་བེད་སྤྱོད་ཆེས་ཡག་ཤོས་གཏོང་མཁན་>>གྱི་བྱ་དགའ་ཨང་རིམ་དང་པོ་ཐོབ།
  • ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༥ ཉིན་ནས་ཝི་ཏི་ནམ་མི་རིགས་ཡིན་པ་ཁེ་ན་ཌར་གནས་སྡོད་སྨན་པ་ཌོང་གྷོ་ཊི་རན་ (Dr Dong Giao Tran) ལགས་དང་། ཁོང་གི་སྐུ་ཟླ་སན་ཧ་ཧེ་ནུ་ཡན་(Sanh Hy Nyuyen)ལགས། དེ་བཞིན་ཨ་རིར་གནས་སྡོད་ཁོང་གཉིས་ཀྱི་གྲོགས་མོ་བཙུན་མ་ཨུ་ཡན་ཊི་རན་ཧ་(Uyen Trinh)བཅས་ནས་དང་བླངས་འོག ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་གྲངས་ ༥༠ དང་། གཞན་བོད་མི་ ༣༠ ཙམ་བཅས་ཁྱོན་མིག་གྲངས་ ༨༠ ཙམ་ལ་སྐམ་ཁབ་བརྒྱབ་ནས་རིན་མེད་སྨན་བཅོས་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༠ ཉིན་དྷ་ས་ཁོར་ཡུག་དང་ལས་ཁུངས་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་དང་མཉམ་འབྲེལ་གྱིས་དྷ་ས་སྦག་སུ་ལམ་ཁ་སོགས་གཙང་བཟོ་བྱས་ནས་འཛམ་གླིང་གཙང་སྦྲ་ཉིན་མོ་སྲུང་བརྩི་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་ཐུ་ལན་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་རོན་མར་ཁི་(Ron Marks)ལགས་ཀྱིས་སྣེ་ཁྲིད་པའི་སློབ་ཚོགས་དེ་སྐམ་གློག་གསོག་འཇོག་འཕྲུལ་ཆས་ཤིག་ཞལ་འདེབས་གནང་བར་ལྷའི་ལས་ཁུངས་དང་འཛིན་གྲྭ་ཁག་ལ་གློག་གི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༦ ནས་ ༢༣ བར་ཨ་རིའི་ལུ་ཛི་ཨ་ནཱ་ནས་ཕེབས་པའི་སྨན་པ་དང་སྨན་ཞབས་མི་སྣ་ཁག་ཅིག་དང་རིག་གཞུང་བརྗེ་རེས་སོགས་གོ་སྒྲིག་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༦ ཉིན་ལྷས་དྷ་ས་ཁོར་ཡུག་ལས་ཁུངས་དང་ལྷན་དུ་ཁོར་ཡུག་གཙང་བཟོ་བྱས་ཤིང་སྐབས་དེར་ལྷའི་སློབ་ཕྲུག་དང་། དང་བླངས་བ། ལས་བྱེད་བཅས་ཁྱོན་མི་གྲངས་ ༧༠ ཙམ་གཙང་བཟོའི་ལས་ཀར་ཞུགས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༧ ཉིན་ངར་ལྕགས་ལས་གྲུབ་པའི་ཚ་དམ་གྲངས་ ༢༥ དྷ་ས་བྱམས་པ་གླིང་རྒས་གསོ་ཁང་གི་རྒས་འཁོགས་རྣམས་ལ་བགོ་འགྲེམས་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༨ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དཔེ་སྟོན་སློབ་གྲྭའི་དགེ་རྒན་དང་ཕ་མའི་ཚོགས་ཆུང་དང་དྷ་ས་ཉིན་སློབ་གི་ཕ་མའི་་ཚོགས་ཆུང་བཅས་དང་མཉམ་འབྲེལ་གྱིས་གོ་སྒྲིག་འོག ལྷའི་དང་བླངས་ལས་བྱེད་སྔོན་མ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྒྱལ་མཚན་ལགས་ནས་དྷ་ས་ཉིན་སློབ་ཏུ་ཕ་མ་ཚོས་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་སྟངས་སྐོར་<<བསམ་བློའི་འཁྱེར་སོ་>>ཞེས་པའི་བརྗདོ་གཞི་ཐོག་གཏམ་བཤད་སྤེལ་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༦ ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནས་བྷུམ་བྷའེ་ཨ་རིའི་སློབ་གྲྭ་ནས་སློབ་མ་ཁག་ཅིག་གིས་ལྷའི་རིག་གཞུང་བརྗེ་རེས་ཀྱི་ཆ་ཤས་བླངས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ཉིན་ཨོ་སི་ཊོ་ལི་ཡའི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་བཞུགས་སྒར་དྷ་རམ་ས་ལར་བོད་པའི་ཚོགས་སྡེ་ཁག་ལ་བལྟ་སྐོར་དང་ལྷའི་ལས་ཁུངས་སུ་ཕེབས་སྐབས་ལྷའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ནས་ ༡༢ བར་ལྷའི་ཁོར་ཡུག་དང་འཕྲོད་བསྟེན་ལས་བྱེད་དྲི་མེད་ཚེ་རིང་ལགས་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་ལྷོ་ཕྱོགས་ཅི་ནའེ་ཡེ་ཤུའི་གསོ་རིག་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག ཉིན་ ༤ རིང་གི་གཉན་ནད་རེག་དུག་སྐོར་གྱི་ཟབ་སྦྱོང་ལ་མཉམ་ཞུགས་བྱས་པ་དང་། སྐབས་དེར་སྨན་ཁང་དང་ཚོགས་སྡེ་ཁག་འདྲ་མིན་ནས་ཁྱོན་མི་གྲངས་ ༢༠ ཙམ་ཟབ་སྦྱོང་དེར་མཉམ་ཞུགས་བྱས་ཡོད་པ་རེད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༡ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་གོ་སྒྲིག་འོག དང་བླངས་ལས་བྱེད་རྒན་རྒྱལ་མཚན་ལགས་ནས་སྦིར་སུ་ཇཱ་སློབ་གྲྭའི་དགེ་སློབ་རྣམས་ལ་<<ཆེད་སྦྱོང་མངོན་འགྱུར་གྱི་ལྡེ་མིག་>>ཅེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོར་དྷ་ས་རོ་ཊ་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། བདེ་ལེགས་སྨན་ཁང་གཉིས་དང་མཉམ་འབྲེལ་གྱིས་གཉན་ནད་རེག་དུག་སྐོར་གོ་རྟོགས་ཁྲོམ་སྐོར་ལས་འགུལ་དང་། འཁྲབ་སྟོན། རིན་མེད་ཀྱི་ཁྲག་བརྟག་དཔྱད། དེ་བཞིན་གོ་རྟོགས་ཡིག་ཆ་བཅས་འགྲེལ་སྤེལ་བྱས།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༩ ཉིན་ཕྱི་ལོ་ ༢༠༡༥ ལོའི་མིག་དང་སོའི་ལས་འཆར་ལག་བསྟར་འོག ཁྱོན་མི་གྲངས་ ༡༢༥ ཡི་སོ་བརྟག་དཔྱད་དང་ཀོང་རྒྱོང་། གཙང་བཟོ་བཅས་བྱས་པ་དང་། མི་གྲངས་ ༢༢ ལ་སོ་སྨན་རིན་མེད་དུ་སྤྲད་ཡོད། དེ་བཞིན་ཁྱོན་མི་གྲངས་ ༨༦ གི་མིག་བརྟག་དཔྱད་དང་རིན་མེད་མིག་ཤེལ་གསར་བཟོ་བྱས་ཡོད།
  • ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་དྷ་རམ་ས་ལ་རོ་ཊེ་རེ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་བརྒྱུད་དྷ་ཤོད་བོད་ཁྱིམ་ནས་དབུས་སྣེ་ལེན་ཁང་གསར་པར་འགྲོ་སའི་ལམ་སྐེད་དུ་ས་གནས་རྒྱ་གར་གྱི་ཁན་(Khan)ཞེས་པའི་གྲོང་གསེབ་སློབ་གྲྭ་ཞིག་གི་ནང་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་དང་། སློབ་གྲྭ་དེར་ཁྱོན་དགེ་ལས་སློབ་ཕྲུག་གྲངས་ ༢༠༠ ཙམ་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༡ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་བཞུགས་སྒར་དྷ་རམ་ས་ལ་ནས་སྤྱི་ལེ་ ༢༢ ཙམ་གྱི་མཚམས་སུ་ཡོད་པའི་གྷོ་པལ་ཕུར་བོད་ཁྱིམ་དུ་འཐུང་ཆུ་གཙང་བཟོའི་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་དང་། སློབ་གྲྭ་དེར་དགེ་ལས་སློབ་མ་སོགས་ཁྱོན་མི་གྲངས་ ༡༤༠༨ ཙམ་ཡོད་འདུག
  • ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་སྦིར་གཞིས་ཆགས་སུ་འཐུང་ཆུ་གཙང་བཟོ་ཆེད་ཆུ་ཚགས་འཕྲུལ་ཆས་ཤིག་གསར་འཛུགས་བྱས་ཡོད་པ་དང་། གསར་འཛུགས་བྱས་པའི་ཆུ་ཚགས་འཕྲུལ་ཆས་དེས་ཐེམ་དུད་ ༡༦༠ ཙམ་ཡོད་པའི་སྦིར་བོད་མིའི་གཞིས་ཆགས་ (Bir Tibetan Society) ཀྱི་མི་གྲངས་ ༦༠༠ ཙམ་དང་། དཔལ་ཡུལ་བཤད་སྒྲའི་དགེ་འདུན་པ། སཾ་བྷོ་ཊ་སྦིར་ཉིན་སློབ་ཀྱི་དགེ་ལས་སློབ་ཕྲུག ཟ་ཁང་དང་ཚོང་ཁང་བདག་པོ། (Deer Park)ཤ་བ་གླིང་ཁར་བལྟ་སྐོར་ཡོང་མཁན་འགྲུལ་པ་བཅས་ཁྱོན་མི་གྲངས་ ༡༢༠༠ ཙམ་ལ་ཕན་ཐོགས་ཆགས་ཀྱི་ཡོད་པ་རེད།

  •