བོད་ཀྱི་ལོ་གསར་གུང་སེང་གསལ་བསྒྲགས།

༄༅།། མཁྱེན་ཡངས་དང་བླངས་ལས་བྱེད་དང་བརྩེ་བའི་སློབ་ཕྲུག་གཙོས་འབྲེལ་ཡོད་ཞབས་ཞུ་གནང་ཡུལ་ཚང་མར་གསལ་བསྒྲགས་ཞུ་རྒྱུ།
བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་ལོ་གསར་དེ་ཕྱི་ལོ་༢༠༡༦ཟླ་༢ཚེས་༩ནས་༡༡བར་ཡིན་པས། ལྷན་རྒྱས་བོད་ཀྱི་ལོ་གསར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་དང་འབྲེལ་ལོ་གསར་དགའ་སྐྱིད་དཔལ་ལ་རོལ་ཞིང་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་ངང་བྱ་གཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་སྨོན་ལམ་གྲངས་མེད་ཞུ་རྒྱུ་ཡིན།


ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་ཁུངས་དང་། འཛིན་གྲྭ། སྤྱི་ཐབ་སོགས་ཕྱི་ལོ་༢༠༡༦ཟླ་༢ཚེས་༣ནས་ཟླ་ཚེས་༡༢བར་སྒོ་རྒྱག་རྒྱུ་ཡིན་ཞིང་། ལོ་གསར་གུང་སེང་རྗེས་ལྷན་རྒྱས་ཚང་མ་ཡང་བསྐྱར་ང་ཚོའི་སྤྱི་ཚོགས་ཞབས་ཞུ་སོགས་ལ་སྔར་རྒྱུན་ལྟར་ཆ་ཤས་ལེན་པའི་རེ་སྨོན་དང་འབྲེལ་ང་ཚོས་ཀྱང་གང་ཐུབ་ཞབས་ཞུ་སྔར་ལྷག་ཞུ་ཐུབ་པའི་འབད་བརྩོན་དང་ཆོད་སེམས་ཡོད་པས་དེ་དོན་དགོངས་འཇགས་འཚལ།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་ནས། ཕྱི་ལོ་༢༠༡༦ ཟླ་༡ ཚེས་ ༧ ཉིན།།

Notice for New Year 2